R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༢༡
[A:༡༢༡]རྣམས་ཀྱིས་མཆོད་ཅིང་བཀའ་ཆོས་སྩལ། སྦྲུལ་ལོ་ཁྲ་ཟླའི་ནང་ཨེ་ཝཾ་དུ་ཤར་པ་ཤེས་རབ་འབྱུང་གནས་གཤེགས་པའི་དགོངས་རྫོགས་སྒྲུབ་མཆོད་ཚོགས་དབུར་མཁན་ཆེན་དང་རྗེ་ཉིད་རྩེ་གདོང་དུ་ཕེབས། དེ་ལོ་གཅུང་ངག་དབང་ནོར་བུ་བསོད་ནམས་དབང་གི་རྒྱལ་པོས་ཕུར་སྒྲུབ་འཆམས་གསར་མཛད། སྦྲུལ་རྟའི་ལོ་དེར་བཞུགས་ནས་རྟ་ལོའི་དབྱར་བཀྲ་ཤིས་ལེགས་པ་ཕེབས་བསུར་འབྱོར་ཏེ་ཐུབ་བསྟན་དུ་ཕེབས། དབྱར་སྟོན་དགུན་སྟོད་རྣམས་བཞུགས་ནས་མཁན་ཆེན་ལས་ལམ་སྦས་བཤད། ནག་པོ་རིམ་བཞི་བློ་སྦྱོང་དོན་བདུན་སོགས་འཁྲིད་མང་པོ་དང་དབང་ལུང་རྗེས་གནང་དུ་མ་གསན། མགོ་ཟླའི་ནང་རྩེ་གདོང་དུ་ཕེབས། ལུག་ལོ་མཆུ་ཟླའི་མཇུག་ནས་ཟླ་བ་ཕྱེད་བཞིའི་བར་ཕུར་བསྙེན་སྦྱིན་བསྲེག་དང་བཅས་པ་དང། སྤྲེ་ལོའི་ནང་ཀུན་རིག་དཀྱིལ་འཁོར་ཡོངས་རྫོགས་ཀྱི་ལྗགས་བསྙེན་སྦྱིན་སྲེག་དང་བཅས་པ་བླ་བྲང་མཆོག་ལེགས་སུ་མཛད། ལོ་དེའི་ཆུ་སྟོད་ཉེར་བརྒྱད་ལ་རྗེ་བསྟན་རྡོར་བ་ཞིང་བརྗེས་པའི་དགོངས་རྫོགས་བློས་མི་འཁྱུད་པ་དང། ཁྱད་པར་རྗེ་ཉིད་ལ་ཞལ་དཀར་ཕྱག་དྲིལ་སོགས་སྐུ་ཆས་དངོས་གཙང་བ་རྣམས་འབུལ་བ་དང་ཆབས་ཅིག་རྩེ་གདོང་ཆོས་