[A:༡༢]ལྡན་བཟང་མོར་ཡབ་རྗེ་ཉེར་གསུམ་པ།
ཆུ་སྤྲེར་ཆོས་ཀྱི་རྒྱལ་མཚན་འཁྲུངས་ནས་ནི།
ཉེར་བརྒྱད་ས་ཕག་གཤེགས་དེའི་དབུ་བླ་དང།
ཞལ་སློབ་མ་གསལ་གཅུང་པོ་བློ་རྒྱལ་ནི།
བཙུན་མོ་གཉིས་པ་ར་ལུང་བསོད་དཔལ་སྲས།
ཆོས་རྒྱན་བཙུན་དང་ཆུ་མདོ་རྒྱལ་མོ་མཚོར།
ཐེག་ཆེན་རྗེ་དང་བཙུན་མོ་གཉིས་པ་ནི།
ཉང་སྟོད་སྲས་སྐྱབས་དྷརྨ་དྷྭ་ཛ་དང།
རྡོ་རྗེ་རིན་ཆེན་རྣམ་གཉིས་གསུམ་པ་ནི།
ལྷོ་པ་དཔལ་ལྡན་འབུམ་ལས་བསོད་བཀྲས་རྗེ།
ཡབ་ཉིད་ཉེར་གཅིག་ཆུ་འབྲུག་ལོར་འཁྲུངས་ཤིང།
ང་དྲུག་མེ་ཕག་གཤེགས་དེས་བཞི་ཐོག་བདག།
ཀུན་དགའ་རིན་ཆེན་ས་བཟང་མ་ཏི་དང།
ཆོས་རྗེ་བླ་མ་སོགས་བསྟེན་ཞལ་སློབ་མང།
བྱང་མོ་མ་གཅིག་ནམ་པར་ཡབ་གཤེགས་པའི།
ཕྱི་ལོ་ས་བྱིར་བདེ་ལེགས་བཀྲ་ཤིས་འཁྲུངས།
དགུང་གྲངས་དབུ་བླ་ཞལ་སློབ་མི་གསལ་ཞིང།
བྱང་བདག་སྲས་མོ་མཚན་དངོས་མི་གསལ་བར།
བསོད་ནམས་རྒྱལ་མཚན་ཤཱཀྱ་སེང་གེ་དང།
དོན་གྲུབ་རྒྱལ་མཚན་བསམ་གྲུབ་རྒྱལ་མཚན་བཞི།
ཤཱཀྱ་སེང་གེའི་བཙུན་དང་གཅུང་དཔོན་མོར།
ཀུན་བཀྲས་ཀུན་རྒྱལ་ཀུན་དགའ་སྙིང་པོ་གསུམ།
གཉིས་པ་མ་གཅིག་ཡུམ་པར་རིན་རྒྱལ་མཚན།
སྐུ་མཆེད་མཚན་བྱང་འདྲ་བ་རྣམ་གཉིས་བལྟམས།
ཀུན་དགའ་རྒྱལ་མཚན་བཙུན་མོ་གླིང་ཁ་དཔོན།