R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༢༣
[A:༡༢༣]ལམ་ཟབ། ས་འཇམ་སྦགས་སྒྲུབ། ཁྱུང་ཁྲ་ནག་འཇམ་དབྱངས་དམར་སེར། སྤྱན་གཟིགས་སྒོམ་ལུང། འོད་དཔག་མེད་ཀྱི་ཉལ་འཕོ། གུར་ཞལ། དུར་ཁྲོད་བདག་པོ། པུ་ཏྲ། དཀར་བདུད། བྲན་བདུད་རྣམས་ཀྱི་རྗེས་གནང། ལུང་གི་རིགས་འགའ་ཞིག་བཅས་གསན་ཅིང། ཁུ་དབོན་ཕན་ཚུན་ཤིན་ཏུ་མཉེས་པར་གྱུར་པས་བཀུར་སྟི་དང་ཟང་ཟིང་གི་མཆོད་པས་ཕན་ཚུན་ཐུགས་ཁ་ཤིན་ཏུ་ཚིམ་ཞིང། ཡར་ཕེབས་སྐབས་ཆིབས་སྐྱེལ་ལའང་ཞལ་ངོ་རྣམས་ཕེབས་ཏེ་ཆིབས་གྱེས་ཀྱི་ཚེ་ཨ་མེས་ཞབས་ཀྱིས་ལུགས་གཉིས་བསླབ་བྱ་རྒྱས་པར་བསྩལ་བས་ཐུགས་ཤིན་ཏུ་འཕྲེང་བའི་སྒོ་ནས་བསྐལ་བརྒྱར་ཞབས་པད་བརྟན་པ་དང། སླད་ནས་མཇལ་ཐོག་གསུང་གི་བདུད་རྩི་བཞེས་པའི་གསོལ་འདེབས་མཛད་དེ་རྩེ་གདོང་དུ་ཕེབས། ས་གའི་ཉེར་དགུ་ནས་ཟླ་བརྒྱད་རིང་ཕྱོགས་ལས་རྣམ་རྒྱལ་དུ་ཀྱཻ་རྡོར་གཞིས་བསྙེན་སྦྱིན་བསྲེག་བཅས་དང། ཆོས་སྐྱོང་གི་ལྗགས་བསྙེན་མདུན་བསྐྱེད་ལ་བརྟེན་པ་མཛད། དགུང་ལོ་ཉེར་གཅིག་ཏུ་ཕེབས་པ་ས་ཕག་ཁྲ་ཟླའི་ཚེས་གསུམ་སྔ་དྲོའི་ཆར་ཁུ་བོ་བདག་ཆེན་བྱམས་པ་བསོད་ནམས་ལྷུན་གྲུབ་ཀྱིས་མཁན་པོ། རྒྱལ་རྩེ་བདག་པོ་ངག་དབང་བསོད་ནམས་རྒྱལ་མཚན་གྱིས་ལས་སློབ། འབུམ་ཕྲག་གསུམ་པ་དགེ་འདུན་རྒྱ་མཚོས་གསང་སྟོན། ཆོས་དཀར་རྣམ་རྒྱལ་གྱིས་གྲིབ་ཚོད། རྩེ་