R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༢༤
[A:༡༢༤]གདོང་སྲིད་གསུམ་སློབ་དཔོན་ཀུན་བསོད་པས་ཁ་སྐོང་མཛད་དེ་བསྙེན་རྫོགས་སྐབས་མཚན་ཡོངས་རྫོགས་བསྒྱུར་བཞེད་ལ་སྔར་གྱི་ལོ་རྒྱུས་དེ་ཞུ་བར་མཛད་པས། འོ་ན་བསོད་ནམས་བསྟན་འཛིན་དབང་པོ་ཟེར་བ་དེ་བརྗེས་ན་མི་ཡོང་བ་ཨེ་ཡིན་གསུངས་ནས། དེའི་རྗེས་སུ་བྱམས་པ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ཞེས་གནང། དེ་སྐབས་ལས་སློབ་ལས་བུ་སྟོན་ལས་ཆོག་གི་ལུང་དང། གུར་ལྷ་བརྒྱད། བཅུ་གཉིས། གྲི་གུག་ལྷ་ལྔ། ཀྱཻ་རྡོར་རྒྱུ་ལམ་རྣམས་ཀྱི་དབང་དང། ལམ་ཟབ་བྱིན་རླབས། ཞེན་པ་བཞི་བྲལ་དང་བྲག་རྫོང་མའི་འཁྲིད་སོགས་གསན། ཕར་སྨེ་བརྩེགས་རྗེས་གནང་སོགས་གནང། གསང་སྟོན་ལས་ཀྱཻ་རྡོར་རྒྱུ་ལམ། ལམ་ཟབ་དང་བིར་བསྲུང། ཐུན་མོང་བའི་བྱིན་རླབས། གུར་ལྷ་བརྒྱད་ཐུན་མོང་མ་ཡིན་པའི་རྗེས་གནང། མེ་འབར་སྙན་བརྒྱུད། ཁ་སྐོང་རྣམས་ཀྱི་ལུང། གུར་མགོན་གསང་འཁྲིད་རྩ་གསུམ་དྲིལ་སྒྲུབ་ཀྱི་དབང་སོགས་གསན། ཕར་སྦྱོང་དཀྱིལ་གནང་ཞོར་དབང་ཆ་འགའ་ཞིག་དང། དབྱར་ཆོས་ཀྱཻ་རྡོར་རྒྱུ་དབང་སོགས་མཛད་དེ་སྟོན་དབུས་ཕེབས་ཀྱི་ཐོག་མར་ས་སྐྱར་ཕེབས་སྐབས་ཆིབས་བསུ་སེར་ཕྲེང་སོགས་རྒྱས་པར་མཛད་ནས་ལྷ་ཆེན་ཕུན་ཚོགས་གླིང་དུ་ཕེབས་ཕྲལ་བཞི་ཐོག་ཏུ་ཨ་མེས་ཞབས་ཡབ་