R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༢༥
[A:༡༢༥]སྲས་མཇལ་བར་མཛད་དུས། ཕན་ཚུན་ཐུགས་དགྱེས་པའི་གསུང་གླེང་རྒྱས་ཀྱང་ཨ་མེས་ཞབས་སྐུ་ཁམས་ཞན་པས་བཀའ་ཆོས་གནང་མ་ཐུབ་པར། འཇམ་དབྱངས་བསོད་ནམས་དབང་ཕྱུག་གིས་འཇམ་དབྱངས་དམར་སེར་གྱི་རྗེས་གནང་མཛད་ཅིང་གཞིས་ལན་ཞབས་ཏོག་རྒྱས་པ་དང། མཁན་ཆེན་བསོད་ནམས་བཀྲ་ཤིས་ཀྱིས་སྣེ་ཤན་མཛད་ནས་གཙུག་ལག་ཁང་ཐམས་ཅད་དང་སྐྱེད་ལྷས་བྱས་འགྱུར། བསམ་བརླིང་རྣམས་གནས་གཟིགས་མཛད་དེ་མཆོད་འབུལ་སྟོབས་ཆེ་བ་དང་ཕྱག་སྐོར་སྨོན་ལམ་མཛད་ཅིང། སྒོ་རུམ་དང་ཁའུར་ལམ་གཏོར། ཆོས་དུང་གསུང་བསྐུལ་གྱི་མང་འགྱེད་སོགས་མཛད་དེ་གདན་སའི་ཕེབས་སྐྱེལ་བ་དང་བཅས་རིམ་གྱིས་ཆུ་མིག་སོགས་བརྒྱུད་རྩེ་གདོང་དུ་ཕེབས། ལྕགས་བྱི་ཡབ་སྲས་ལྷན་ཅིག་ས་གའི་ཚེས་བཅུ་གཅིག་ལ་བྱང་ལམ་བརྒྱུད་དབུས་ཕེབས་མཛད་དེ་རྗེ་ཞྭ་དམར་བ་བཞི་པའི་དགོན་པ་ཡངས་པ་ཅན་དུ་བླ་སློབ་གྲྭ་རིས་ཀྱིས་སྤྱན་དྲངས་ཏེ་བསྙེན་བཀུར་འབུལ་བ་རྒྱ་ཆེན་དང། མཆོད་འབུལ་གནས་གཟིགས། རྗེ་བཞི་པའི་དུས་མཆོད་དུས་འཁོར་དང་མཁའ་འགྲོ་རྒྱ་མཚོའི་ཐོག་དྲངས་ཆོག་གྲ་སུམ་ཅུ་ཟིན་ཙམ་ལ་མང་འགྱེད་གཟིགས་ཏོག་བཅས་རིམ་གྱིས་སྟོད་ལུང་བརྒྱུད་ཕེབས་པར་རྒྱལ་ལྷ་ཁང་མདུན་ཆོས་རྗེ་བཅོ་བརྒྱད་པ་སོགས་དགོན་དེའི་བླ་སློབ་ཆེ་གྲས་ཕེབས་བསུར་