R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༢༦
[A:༡༢༦]འབྱོར་ཏེ། དེ་ནུབ་དཔལ་ལྡན་རྩེར་བཞུགས། ཉེར་དྲུག་སྔ་ཆར་སེར་ཕྲེང་གིས་བསུས་ཏེ་ནཱ་ལེནྡྲར་ཕེབས་པར་བླ་བྲང་ཁང་ཚན་སོ་སོས་ཞབས་ཏོག་གཟབ་མས་མཆོད་ཅིང། སྣྲོན་ཟླའི་ཚེས་ལྔར་ཕོ་བྲང་ཆེན་པོ་པོ་ཏ་ལ་ནས་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོས་བསྐོ་མཇལ་ཁྲི་འདོན་ལེགས་སྐྱེས་ཁྲི་འབུལ་གྱ་ནོམ་བཅས་གླེང་ཕུ་བ་དགྲ་འདུལ་སྐུ་ཚབ་ཏུ་མངགས་ཏེ་འདུས་ཚོགས་དང་བཅས་པས་ཀུན་མཁྱེན་རོང་སྟོན་ཆེན་པོས་ཆོས་ཁྲིར་མངའ་གསོལ་ཞིང། ལྷ་མི་ཚང་མའི་དགའ་སྟོན་འབུལ་བ་རྒྱས་པའི་ཐོག་ཨ་ར་པ་ཙ་ནའི་རྗེས་གནང་མཛད། རེ་ཞིག་ཡབ་སྲས་ལྕང་ལུང་ཆོས་སྡིངས་སུ་ཕེབས། སླར་ཡང་དེ་གར་བཞུགས་ནས་རྗེ་འདིས་ནཱ་ལེནྡྲར་རྡོ་རྗེ་ཕུར་པའི་དབང་བསྐུར་ཆ་དུ་མ་མཛད། ཡབ་རྗེའང་ཤ་ར་འབུམ་ཆུང་བརྒྱུད་གནས་དེར་ཕེབས་ཏེ་ཡབ་སྲས་ལྷན་ཅིག་འཇོག་པོའི་ནང་ནས་ཡེར་པའི་གནས་གཟིགས་ལ་ཕེབས་ཏེ་ཕྱག་མཆོད་སྨོན་ལམ་མཛད་ནས་སང་ཉིན་གཞུང་ཞབས་རིན་པོ་ཆེའི་ཆིབས་བསུ་ཐབ་འཛིན་སོགས་བདག་རྒྱན་བཟང་བ་དང་བཅས་ལྷ་སར་ཕེབས་ནས་ཐམས་ཅད་མཁྱེན་གཟིགས་ཆེན་པོར་མཇལ་ཕྱག་འབུལ་ཆེན་དང་པོ་ཏ་ལ་དང་ལྷ་སའི་གཙུག་ལག་ཁང་རྣམས་སུ་ཕྱག་མཆོད་སྨོན་ལམ་མཛད་དེ་ཡབ་རྗེས་སྟོད་ལུང་བརྒྱུད་གཙང་དང། རྗེ་ཉིད་སྒོ་ལ་བརྒྱུད་ནཱ་ལེནྡྲར་