R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༢༩
[A:༡༢༩]མདའ་འཕེལ་དང་གྲུབ་ཐོབ་ཚེ་དབང། ཚེ་རིང་མའི་རྗེས་གནང། ས་ལོའི་བཀའ་འབུམ་དང་བསོད་ནམས་དབང་པོའི་པད་མའི་རྣམ་ཐར་གྱི་ལུང་གསན། ནག་ཉའི་བཅོ་ལྔ་ལ་རིལ་སྒྲུབ་མཛད་པས་དུས་ཚོད་ཀྱང་བསིལ་དུས་བསིལ་བ་དང་དྲོ་དུས་དྲོ་བ། འཇའ་འོད་ཀྱི་གུར་དང་དྲི་བཟང་འཕེལ་ཆེ་བ་སོགས་བྱིན་རླབས་ཀྱི་མཚན་མ་གསལ། སྣྲོན་ཟླའི་ནང་ནཱ་ལེནཌ་ནས་སྤྱན་འདྲེན་བྱུང་བ་བཞིན་ཞལ་གྱིས་བཞེས་ཏེ་དབྱུག་ཟླའི་བཅུ་གསུམ་ཉིན་ཀླུ་སྡིངས་རྒྱབ་ཏུ་དཀར་འཛིན་དང་བཅུ་བཞིའི་ས་སྐོར་མཛད་དེ་བཅུ་བདུན་ལ་ཆིབས་ཁ་བསྒྱུར་བར་ཡབ་ཡུམ་སྲས་བཅས་ཀྱིས་ཕེབས་སྐྱེལ་མཛད་དེ་རོང་བརྒྱུད་བྱམས་ཆེན་མཇལ་བ་སོགས་དང་འབུམ་ཕྲག་གསུམ་པས་བྲག་དཀར་དུ་གདན་འདྲེན་ཞུས་ཀྱང་དགོངས་པ་བཀྲོལ་ནས་ཡུལ་ལྷར་ཞལ་འཛོམ་དང། དཔལ་དི་སོགས་བརྒྱུད་ཕེབས་ལམ་ལ་རང་གཞན་གྱི་རེ་འབྲས་སྨིན་པར་མཛད་ནས་ཡོས་ལོ་སྨིན་དྲུག་འགོར་ནཱ་ལེནཌར་ཕེབས་སྐབས་སྔར་བཞིན་བསྙེན་བཀུར་ཏེ་མགོ་ཟླའི་བཅུ་བཞི་རོང་སྟོན་དུས་མཆོད་དང་གྲྭ་ཚང་ལ་འདོད་ཆོས། ལྕང་རྒྱབ་གློ་གོང་སོགས་བརྒྱ་ཚོ་སོ་སོས་སྤྱན་འདྲེན་བསྙེན་བཀུར། ཆོས་སྦྱིན། ཆོས་སྡིངས་སུ་ཞག་བཅུ་སྐོར་ཙམ་ལ་ལུགས་གཉིས་དེ་