R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༣༠
[A:༡༣༠]ཁའི་འདོད་སྦྱར་དང། འབྲུག་ལོ་རྟ་ཟླའི་ནང་ནཱ་ལེནཌར་གསུང་ངག་ཚུགས་པར་ནག་ཟླའི་ཚེས་གསུམ་ལ་རྩེ་གདོང་དུ་ཡུམ་གཤེགས་པའི་གནས་ཚུལ་ཉེར་གཅིག་ལ་འབྱོར་ཡང་ཡུམ་སྲས་བརྩེ་དྲགས་པས་ཕྱག་གཡོག་རྣམས་ཀྱིས་ཞུ་མ་ནུས་པ་བླ་མ་སོ་སོ་དང་དགེ་རྒན་ཁ་ཅིག་གིས་བསྙེན་འབུལ་ཞུས་པས་ཐུགས་འབྱུང་དྲགས་པོ་ཤས་མི་བཟོད་པ་འཁྲུངས་ནས། སྤྱིར་འདུས་བྱས་མི་རྟག་པའི་ངང་ཚུལ་ཡིན་ཀྱང། ད་ལམ་གཤེགས་ཁར་མཇལ་མ་ཐུབ་པ་འདི་འདྲ་ཡོང་བ་ཚེ་འདིའི་སྤྲོས་པ་བཅད་དེ་འབྲས་མོ་གཤོངས་ལྟ་བུར་ཚེ་དང་སྒྲུབ་པ་མཉམ་པ་ཞིག་བྱེད་སྙམ་ཀྱང་དེའི་སྤྲོས་པ་ནི་ཆོད་སོང་གསུངས། དེ་ཉིད་དང་ཉེ་འཁོར་གྱི་དགོན་པ་སོ་སོར་མང་འགྱེད་བསྔོ་རྟེན་རྣམ་དག་ཕོན་ཆེ་བ་དང། བསམ་ཡས་ལ་ཇོ་དར་སྙན་དར་ཞལ་ཟས་དཀར་མེའི་རྒྱུར་དྲེལ་རྒྱབ་གཉིས། རབ་གྲར་མང་འགྱེད་བཅས་མཛད་ཆོས་འཕྲོ་ཞུས་པར་ཚེ་རིང་ན་སླར་བཤད་ཆོག་གསུངས་ཏེ་དེ་ཕྲལ་ཡར་ཕེབས་རྩིས་དང། བསམ་ཡས། ལ་མོ། གཟིམས་འོག་ཆོས་སྐྱོང་རྣམས་ནས་ཀྱང་ཡར་ཕེབས་སྐུ་དོག་ཆུང་བར་ལུང་བསྟན་པས་ཆིབས་ཁ་བསྒྱུར་ཏེ། རིམ་བཞིན་བརྒྱ་གྲོང་དུ་ཞག་གསུམ་ཚེ་ཆོག་མཛད་པ་སོགས་ཕེབས་ལམ་གྱི་ཐུགས་བྲེལ་རྣམས་བཅད་དེ་གདན་སར་ཕེབས་སྐབས་འཁངས་ཀྱང་ད་ནི་ཅི་བྱ་ཆ་མེད་དུ་འདུག་པས། དགོངས་རྫོགས་གང་དྲགས་བྱེད་གསུངས་