R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༣༡
[A:༡༣༡]ཏེ་ཉིད་ཀྱི་སྐུ་ཆས་སྟེང་ནས། ཡུམ་གྱི་སྐུ་ཚིགས་སོ་སོར་ཆོས་སྡེར་མང་ཇ་གདན་ནོན་རྒྱས་པའི་དབུར་ཐུབ་བསྟན་མཁན་ཆེན་ཀུན་དགའ་བསོད་ནམས་བྱོན་པ་ལ་འཁོར་དྲུག་དང་རྟ་སོགས་བསྔོ་རྟེན་ཟབ་པ། ངོར་ཐུབ་བསྟན། གསེར་མདོག་ཅན། སྐྱིད་ཚལ་རྣམས་སུའང་འགྱེད་རྣམས་མཛད། སྣྲོན་ཟླའི་བཅུ་དགུ་ནས་གུ་རུ་མཚན་བརྒྱད་སྨན་སྐུའི་བཟོ་ཚུགས་པར། དེ་སྔོན་ཐན་པ་ཆེ་ཡང་དེ་ནུབ་ནས་ཆར་བབས་ཤིང། སྔར་སྐུ་རྒྱུའི་འཇིམ་པ་དཀོན་ཀྱང་རང་རྡོལ་ལྟ་བུ་དང། གསེར་མཚལ། སྤང་མ་སོགས་ཀྱང་འབུལ་ཚོང་འབད་མེད་འབྱོར་ཞིང། འབུམ་ཕྲག་གསུམ་པའི་ཕྱག་ན་སངས་རྒྱས་ཀྱི་འཕེལ་གདུང་བཞུགས་པ་ནས་ཞུར་བཏང་བས། སྔར་ཕེབས་པ་ནི་མེད། འོན་ཀྱང་ད་ལམ་ཆོས་འཁོར་བསྐོར་བའི་དུས་ཆེན་དང་ཐུག་པས་གསོལ་བ་བཏབ་ན་ཕེབས་པ་ཨེ་སྲིད་གསུངས་ནས་མཆོད་པ་དང་གསོལ་བ་བཏབ་པས་ཡུང་འབྲུ་ཙམ་ཞིག་ཕེབས་པ་དེ་གནང་སྐབས། ཉིད་ཀྱི་ཐུགས་རྗེས་འདི་བཞིན་བྱུང་གསུངས་པ་ལས་འཕེལ་ཏེ་སྐུ་འདྲ་རེ་ལ་རེ་རེ་དང། གུ་རུ་རིན་པོ་ཆེའི་ཟབ་བེར་གྱི་དུམ་བུ་སོགས་རིང་བསྲེལ་རྣམ་བཞིའི་གང་བའི་རྟེན་རྣམས་ལ་པྲ་རྩིས་སྐབས་ཉི་འོད་ཤིན་ཏུ་གསལ་བ་སོགས་ལུགས་འགྲོ་བཅས་ཟླ་བ་ཉིས་བརྩེགས་ཀྱི་རྟིང་མའི་ནང་དུ་ཡོངས་རྫོགས་གྲུབ་ནས་