R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༣
[A:༡༣]དཀར་མོར་ཆོས་ཀྱི་རྒྱལ་མཚན་ཀུན་དགའ་ལེགས། ལྷ་ཁང་བླ་བྲང་པ་ཡི་གདུང་རབས་སོ། ། དུས་མཆོད་བླ་བྲང་གི་གདུང་རབས། དེ་ནས་དུས་མཆོད་བླ་བྲང་གདུང་རབས་ནི། ལུང་ཕུད་ལྔ་པ་རེ་མདའ་ཉི་རིན་ལ། ཉི་དཔལ་ལྕམ་གཅིག་ཀུན་དགའ་ལེགས་འབྱུང་གསུམ། ཕྱི་མ་ཡབ་རྗེ་ཞེ་བདུན་ས་སྤྲེར་བལྟམས། ཉེར་དགུ་མེ་བྱིར་གཤེགས་དེའི་བླ་སློབ་རྣམས། མི་གསལ་བཙུན་དང་གུང་ཐང་ཀུན་སྐྱོང་མར། ལྕམ་གཅིག་གཉིས་པ་ངམ་རིང་དགེ་འབུམ་མར། བསོད་ནམས་བློ་གྲོས་སྐུ་འབྲིང་ཆུང་ངུར་གཤེགས། གྲགས་པ་རྒྱལ་མཚན་རྣམ་གསུམ་བྱོན་པ་ལས། གྲགས་རྒྱལ་ཡབ་རྗེ་གཤེགས་པའི་མེ་བྱིར་བལྟམས། ཞེ་གཉིས་ས་སྦྲུལ་གཤེགས་དེས་ཆོས་རྗེ་དང། གཅེན་དང་བྲག་ཕུག་མཉམ་མེད་ལ་སོགས་བསྟེན། ཞལ་སློབ་མི་གསལ་བཙུན་དང་ལྷ་རིང་མར། ཀུན་དགའ་ལེགས་བློ་རྣམ་སྲས་རྒྱལ་མཚན་མཆེད། གཉིས་པ་སྟག་ཚང་སྲས་འདྲེན་ཆོས་རྒྱལ་ཡུམ། རྣམ་སྲས་རྒྱལ་མཚན་ཡབ་རྗེ་ཉེར་ལྔ་པ། ལྕགས་བྱིར་འཁྲུངས་ཤིང་ཞེ་དགུ་ས་