R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༣༢
[A:༡༣༢]ཚེས་བདུན་ལ་རྗེ་ཉིད་དཔོན་སློབ་བརྒྱད་གྲས་རབ་གནས་མཛད་པས་འཇའ་སྤྲིན་གུར་ཕུབ་པ་ལྟ་བུ་དང། རྟེན་གཙོའི་ཞལ་རས་སྔར་བས་གཟི་བརྗིད་ཆེ་བ་ཕྱག་གཡོག་འགའ་ཞིག་གིས་མཐོང་བའི་རྟེན་རྣམས་ལ་ན་བཟའ་མཆོད་ཚོགས་དང་བཅས་བཞུགས་ཤིང། ལྷ་བཟོ་བར་ཡོན་རྫོང་རྟ་གསུམ་ཇ་གོས་དར་གཡུ་བྱི་རུ་གོས་ལྷམ་སོགས་ལ་གོང་དམའ་བཟུང་བྱས་པས་ཁྱོན་ཊམ་སྟོང་ཕྲག་གཅིག་དང་བརྒྱད་བརྒྱ་ལྷག་ཙམ་ཐོབ་པས་ཀུན་དགའ་མགུ་ཡིད་རངས་ཤིང། གཏང་རག་མཆོད་འབུལ་བསྐང་གསོ་སོགས་མཛད་དེ། ཡུམ་གྱི་ཐུགས་དམ་བཞིན་ཚེས་བཅུའི་རྒྱུན་བཟུང། ལོ་མཇུག་དང་ཤིང་སྦྲུལ་ལོ་གང་དང་མེ་རྟའི་འགོའི་སྒྲུབ་མཆོད་སོགས་ཐུགས་བྲེལ་འཆར་ཅན་མཛད་དེ་མེ་རྟ་ནག་ཟླའི་ཉེར་བདུན་ལ་ས་སྐྱར་ཕེབས། དེ་སྔོན་རླུང་འཚུབ་ཆེ་ཡང་ཆིབས་བསྒྱུར་ནས་བཟུང་གདུགས་འཇམ་ཞིང་གདན་སའི་སེར་ཕྲེང་འགྲིག་པ་དང་མེ་ཏོག་གི་ཆར་བབས་པ་སོགས་བཀྲ་ཤིས་ཤིང་ཞབ་བཅུ་སྐོར་ཙམ་གྱི་བར་བཞུགས་པར་བཞུགས་སྤྲོ་བ་བཅས་འཇམ་དབྱངས་བསོད་ནམས་དབང་ཕྱུག་གི་ཕུར་པའི་སྨད་ལས་རྗེས་གནང་དང། ཡང་དག་དབང་སོགས་སྩལ་ནས་ས་གའི་ཚེས་བརྒྱད་ལ་ཆིབས་ཁ་བསྒྱུར་ཏེ་རིམ་གྱིས་ཨེ་ཝཾ་དུ་ཕེབས་སྐབས་ངོར་ནང་ཟིན་ཙམ་ནས་འཇའ་གུར་ཡ་མཚན་ཅན་ཞིག་བྱུང་བས་ཞབས་ཕྱི་རྣམས་ཀྱིས་དེ་