[A:༡༣༤]ཆོད་བར་ཕེབས་སྐྱེལ་མཛད་དེ། མགོན་ཁང་དུ་ཁུ་དབོན་བན་ཚང་པས་གསུངས་བསྐང་མཛད། གཅུང་གིས་ཚར་བར་ཕེབས་སྐྱེལ་ཞུས། དགུན་དུས་བྱང་བརྒྱུད་ཡིན་ཀྱང་དབྱར་དང་འདྲ་བའི་གནམ་གཤིས་ལེགས་ཤིང་སྦྱིན་བདག་སོ་སོའི་ཞབས་ཏོག་དང་ཕུར་དབང་སོགས་མཛད་མུ་ནས་ཆོས་སྐྱོང་རྣམ་གཉིས་དང་བཅོ་བརྒྱད་པའི་གཙོ་མཛད་ཆིབས་བསུ་བ་དཔལ་ལྡན་རྩེར་འབྱོར་ཏེ་ཉིན་གསུམ་བཞུགས་ནས་གསུང་བསྐང་རྒྱས་པ་དང། ཉེར་བདུན་དགོན་པར་ཕེབས་པ་སོགས་སྔར་ཕེབས་དང་ཆ་འདྲ་བར་ཆོས་སྐྱོང་གི་ལུང་ལས་དཔལ་རྩེར་ཞག་བདུན་སྐུ་མཚམས་དང་བན་ཚང་པའི་བསྐང་བ་རྒྱས་པར་མཛད་རྗེས་གསུང་ངག་ཚུགས་ན་ལེགས་ཚུལ་བཞིན་མཛད་ནས། ཆོས་སྡིངས་སུ་ཞག་ལྔ་བཞུགས་ཏེ་ཁྲོམ་དབང་དང། ཚེས་གཉིས་ལ་དགོན་པར་ཕེབས།
རྒྱལ་ཟླའི་ཚེས་ལྔ་ནས་ས་སྤྲེ་ནག་ཟླའི་བཅོ་ལྔ་བར་ཚོགས་པ་སུམ་བརྒྱ་ལྷག་ཙམ་ལ་གསུང་ངག་སྨིན་གྲོལ་ཡོངས་རྫོགས་སྩལ། ཞག་གསུམ་ལ་ཕུར་དབང་དངོས་སྟ་དྲུག་རེ། བཅོ་བརྒྱད་པའི་གསོལ་བ་བཞིན་དབང་མི་ལྔ་བརྒྱ་ཙམ་ལ་དྲག་པོ་སྒྲོལ་དབང་གནང།
ནག་ཟླའི་ཚེས་བརྒྱད་ནས་ཉིད་ཀྱིས་མཁན་པོ་མཛད་དེ་རབ་བྱུང་བསྙེན་རྫོགས་གང་དགོས་མཛད་པར་གཞུང་ཞབས་རིན་ཆེན་