[A:༡༣༦]ཁུ་བོའི་དྲུང་དུ་ཕབས་ཏེ་ཁུ་དབོན་གཉིས་ཀ་ཐུགས་ཤིན་ཏུ་དགྱེས་ཀྱང་སྐུ་མདངས་ཞན་པས་ཅུང་ཟད་མ་བདེ་བར་ཡང་གྱུར། དེ་གོང་ཡབ་སྲས་རྣམས་དང་འབུམ་ཕྲག་གསུམ་པ་རྩེ་གདོང་ཚོགས་ཆེན་རྣམས་ཀྱི་ཞབས་བརྟན་མཛད་པས་ལེགས་ལམ་བྱུང་འདུག་པ་ལྟར། ངེད་རང་ནས་དེ་བཞིན་བགྱིད་གསུངས་ནས་མཛད་པས་སྐུ་ཁམས་གཞི་མེད་དུ་དངས། དེ་ནས་སྤྱིར་ལུགས་གཉིས་ཀྱི་འཁུར་བཞེས་པ་དང། ཁྱད་པར་ངོ་མཚར་ལྷ་ཁང་གི་ཤིང་རྩི་སོགས་གྲུབ་ཏེ་དེར་རྟེན་གཙོ་ཐུབ་དབང་ལ་གྲུབ་མཐའ་རིས་མེད་ཀྱི་བླ་མ་ཡི་དམ། སངས་རྒྱས་བྱང་སེམས། ཆོས་སྲུང་ནོར་ལྷའི་སྐུ་རྒྱ་དཀར་ནག་བལ་བོད་འདྲེས་པ་ཉིས་བརྒྱ་བཞི་བཅུ་ཙམ་དང། བྲིས་ཐང་བྱིན་རླབས་ཅན་དུ་མ་བཞུགས་པ་ལ་མཆོད་ཚོགས་ཀྱི་བསྐོར་ཏེ་རབ་གནས་མཛད།
དབྱུག་ཟླའི་ཚེས་བཅུ་བཞི་ལ་རྗེ་ས་སྐྱ་པ་ཆེན་པོའི་དུས་ཆེན་ས་མཆོད། དུས་མདོས་ཆེན་མོའི་རྔ་འཆམས་གྲུབ་འཆམས་གཉིས་ཀྱི་འཆམས་དཔོན་གནང། བྱ་ལོའི་མགོན་ཁང་སོ་སོའི་གཏོར་སྤོད་རྣམས་དང། གོང་མ་ན་རིམ་གྱི་དུས་མཆོད་ཀྱཻ་རྡོར། གསང་འདུས། གཤེད་དམར། བདེ་མཆོག་སྒྲུབ་མཆོད་རྣམས་དང། ཟླ་བ་བཞི་པའི་དྲུག་ཅུ་པའི་ཚོགས་དབུར་ཕེབས། ཚེས་བཅུ་བཞིའི་སྔ་ཆར་ཁུ་བོ་རིན་པོ་ཆེ་སྐུ་ཁམས་ཇེ་ལོད་དུ་སོང་བས་རྗེ་