R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༣༩
[A:༡༣༩]འདོད་དང། རབ་བྱུང་བསྙེན་རྫོགས་རྣམས་གྲུབ་ནས། བྱིན་རླབས་དང་དངོས་པོའི་གནང་སྦྱིན་སོགས་ཀྱིས་ཚིམ་པར་མཛད། འདི་ལོ་གཙུག་ལག་ཁང་གི་སྟེང་དུ་མགོན་ཁང་གསར་བཞེངས་གིས་རྟེན་གཙོར་མགོན་སྐུ་རྒྱ་ནག་མ་ཞལ་ངོ་ན་རིམ་གྱི་ཐུགས་དམ་མ་དང། ཁྲི་ཆེན་ཀུན་དགའ་བསོད་ནམས་ཀྱི་ཕྱག་ནས་མ་སོགས་སྨན་སྐུ་དང། རྡོ་སྐུ། བྲིས་སྐུ་སོགས་མགོན་སྐུ་མང་པོ་དང། ས་ལོའི་ཞལ་འབག་དགྲ་གེགས་ཟིལ་གནོན། ཕྱག་རྔ་སྙན་དར་སྤྱན་གཟིགས་སོགས། མཆོད་རྫས་དུ་མས་བརྒྱན་ཏེ། རབ་གནས་དང། གཏོར་བསྔོ་བསྐང་རྒྱུན་སོགས་འཛུགས་པར་མཛད་དེ། དིང་སང་གི་བར་དུ་ཡང་མ་ཉམས་པར་བཞུགས། སྒྲུབ་མཆོད་དུས་མ་རྣམས་དང། དོན་གཉེར་སློབ་བུ་རྣམས་ལ་ཆོས་སྦྱིན་མཛད། དུས་མདོས་འཆམས་སྣ་གསུམ་ཀའི་འཆམས་དཔོན་གནང། ཕག་ལོ་ཁྲུམས་ཟླ་དང་བྱི་ལོ་དབྱུག་ཟླའི་ཉེར་གསུམ་ལ་ཟབ་ལུང་མཇལ་བར་ལན་རེ་རེ་ཕེབས། རྗེས་མའི་ཚེ་གཏེར་ལུང་དུ་གཟིགས་སྣང་ཁྱད་མཚར་ཅན་བྱུང་ཡང་གབ་སྦས་ཚུལ་གྱིས་ཞིབ་པར་མ་གནང། མཆོད་འབུལ་རྒྱས་པར་མཛད། དེར་བཞུགས་རྣམས་ལ་ཚོགས་འཁོར་མང་ཇ། ཆོས་སྦྱིན་སོགས་གནང། ཡར་ལམ་རས་དཀར་ཐང་དུ་དབང་མོ་ཆེ་གནང་བའི་དབང་ཡོན་རྣམས་