R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༤༥
[A:༡༤༥]ཕྱོགས་ཀྱི་དབུ་བརྩིས་བཞེས། ཞབས་དྲུང་ཁུ་དབོན་གཉིས་སུ་འབྲུག་སྐུ་ཚབ་ནས་ཁྱེད་གདན་ས་ཡས་ཕྱིན་གྱི་ཞལ་ངོ་གསེར་གྱི་ཕ་བོང་སྒོར་འདྲིལ་ཡིན། ངེད་ལྷོ་མོན་གྱི་མིས་ཞལ་མཇལ་བ་ལྟ་ཅི། གསུང་ཐོས་པ་ཙམ་ཡང་མི་ཡོང་བས། དགའ་ལྡན་ཕོ་བྲང་པ་བཀའ་དྲིན་ཆེན་པོ་ཡིན། དམག་མི་རྣམས་ལ་ཕྱག་དབང་ཞུ་ཟེར་བ་བཞིན་ཁུ་དབོན་གཉིས་ནས་གནང། དེའི་སང་བོད་སྒར་ལ་ཕེབས། བོད་ཕྱོགས་ཀྱི་དབུ་བརྩིས་བཞེས། གཞུང་འབྲུག་གཉིས་ཆར་ནས་ཆིངས་ཁག་སོ་སོར་བདོག་པའི་དངོས་པོ་བསམ་གྱིས་མི་ཁྱབ་པ་དྲིན་གཟོའི་ཚུལ་དུ་ཕུལ། ཆིངས་ཁག་སོ་སོ་ནས་སྐུ་ཚབ་མངགས་པས་བོད་དམག་རྣམས་ཕྱིར་སློག་ལྷོ་བོད་གཉིས་ཕྱོགས་སུ་བཀའི་འཁོར་ལོ་གནང་བ་རྣམས་དོན་ཐོག་ཏུ་འཁྱོལ་ཞིང་ལྷག་ལུས་མེད་པར་མཛད། ཞབས་དྲུང་རིན་པོ་ཆེར་ཡང་དག་གི་ལྗགས་ལུང་ཚེ་བཀའ་སོགས་གསན། དེ་ནས་ཆོད་ཡིག་སོགས་མ་གྲུབ་ཀྱང། གཞུང་འབྲུག་སྐུ་ཚབ་དང། ཆིངས་ཁག་ཞལ་ངོ་རྣམས་ལ་ལོག་ཕེབས་ཆོག་པ་ཞུས། རྟ་ཟླའི་ཚེས་བཅུ་བཞི་ལ་དཔལ་རྩེ་གདོང་ལ་ཆིབས་ཁ་བསྒྱུར་ཏེ། དཔལ་འཁོར་བདེ་ཆེན་པས་ཕེབས་བསུ་སེར་ཕྲེང་བཅས་ཏེ་ཞག་གཉིས་བཞུགས་ཤིང་གནས་གཟིགས་དང། སེར་སྐྱ་ཐམས་ཅད་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་སོགས་འདོད་ཆོས་