R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༤༦
[A:༡༤༦]ཅི་རིགས་གནང། དེ་ནས་རིམ་བཞིན་གྲུ་ཐོག་དང། གཙང་འགྲམ་ལྷ་ཁང་སོགས་སུ་སྐུའི་གཅུང་ངག་དབང་རིག་འཛིན་དབང་པོ། གདུང་བརྒྱུད་སྐུ་མཆེད་ཡུམ་མཆོག་དམ་པ་སོགས་འཁོར་དང་བཅས་པའི་ཕེབས་བསུ་ཐབ་འཛིན་སོགས་གཟབ་རྒྱས་མཛད། རྟ་ཟླའི་ཉེར་བདུན་གྱི་སྔ་ཆར་འདུས་ཚོགས་སེར་ཕྲེང་གིས་བསུས་ཏེ། ཐོག་མར་བསམ་གཏན་འཕེལ་རྒྱས་དང། དེ་ནས་ལྷུན་རྩེ་སོགས་སུ་ཕེབས། མངའ་ཁུལ་མི་དམངས་རྣམས་དང། ཕྱོགས་ནས་ཀྱང་ལེགས་སྐྱེས་ཚར་དུ་དངར་བ། རྗེ་ཉིད་ནས་ཀྱང་གཞིས་བཞུགས་ཚང་མར་དངོས་པོའི་གནང་སྐྱེས་དང། འདུས་ཚོགས་སུ་མང་འགྱེད་འབྲས་འཇམ་སོགས་སྩལ་ཞིང། མགོན་ཁང་སོ་སོར་གཏང་རག་གི་མཆོད་གཏོར་སྙན་ཤལ་སོགས་འབུལ་བར་མཛད། ཨ་ལུ་ཆོས་རྗེར་ཀྱཻ་རྡོར་རྒྱུ་དབང། ཕུར་པ་སྟོད་ལས། སྨད་ལས། གུར་དྲག་ལྷ་བརྒྱད། དཀར་བདུད་རྣམས་ཀྱི་རྗེས་གནང། རབ་བྱུང་སྒྲུབ་པ་སོགས་ཆོས་དང་ཟང་ཟིང་གི་གནང་སྦྱིན་སྩལ། ཚོམས་ཆེན་སོགས་ཕོ་བྲང་ལ་ཉམས་གསོ། ཚོན་རྩི་སོགས་མཛད། ཟླ་བ་བཞི་པའི་ནང་འུ་ཡུག་ཟམ་འཚེར་ཆབ་འདུགས་ལ་ཕེབས་ཤིང། ལམ་བར་སེར་སྐྱ་རྣམས་ལ་ལུགས་གཉིས་ཀྱི་སྒོ་ནས་རེ་འདོད་འགེངས་པར་མཛད། ཟླ་ཕྱེད་ཙམ་ནས་གདན་སར་