R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༤༤
[A:༡༤༤]འཚམས་གནང་ནས་སོ་སོར་ལོག་རྗེས། དེ་འཕྲལ་ཁུ་དབོན་མཇལ་འཛོམ་ལ་ཕེབས་ནས། གང་ཅིའི་གསུང་གླེང་ཞིབ་རྒྱས་མཛད་དོ། ། དེ་ནས་ཆིངས་ཁག་ཞལ་ངོ་ཚང་མས་སེམས་ཅན་བདེ་ཐབས་ཀྱི་བཀའ་གྲོས་ཀྱི་འགོ་བཙུགས། གནམ་གང་ལ་ཆིངས་ཁག་ཚང་མ་སྐུ་འཁོར་ཉུང་བསྡུས་དང་བཅས་ཞབས་ཐང་དཀའ་ཚེགས་ལ་མ་གཟིགས་པར་ཤར་ནང་དུ་ཕེབས། བཙན་གདོང་དབུ་མཛད་དམག་དང་བཅས་འབྱོར། ཞག་བཅོ་བརྒྱད་བར་དེར་བཞུགས་ནས་འཛོམ་རྒྱས་ལན་གསུམ་ཙམ་བྱས། ཆུ་གཟར་དུ་བཞུགས་སྐབས་རྗེ་ཉིད་གུར་དྲག་གི་སྐུར་བཞེངས་པས། གནས་དེའི་གཞི་བདག་འོ་དོད་བདུད་པོ་ཟེར་བ་དེ་དམ་ལ་བཏགས། ལྷ་ཆེན་བྲག་སྐྱེས་སོགས་མོན་ཕྱོགས་ཀྱི་གཞི་བདག་ཕལ་ཆེ་བས་ཕྲིན་ལས་སྒྲུབ་པར་ཁས་བླངས། ཁྲུམས་ཟླའི་ཚེས་བརྒྱད་ལ་འབྲུག་སྐུ་ཚབ་དང་འཛོམས་རྒྱས་སྐབས་ཞུ་ཆིངས་ཧ་ལམ་འགྲིག་ངོ་དོད། རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་མཆོག་དང་འབྲུག་གཞུང་གཉིས་ནས་ཆིངས་ཁག་བླ་དཔོན་རྣམས་འོ་བརྒྱལ་བས་ཅི་གསུང་གྱིས་གསུངས་པ་ནས། ས་རྟ་རྒྱལ་ཟླ་བརྩེགས་པའི་ཚེས་ལྔའི་ཉིན་འབྲུག་པའི་སྐུ་ཚབ་རྣམས་དང་དམག་མི་དོས་སྐྱེལ་འུ་ལག་བཅས་བྱུང་བར། འབྲུག་