[A:༡༥༠]གནང།
ཉེར་ལྔའི་སྔ་ཆར་ཇོ་ཞལ་རྣམ་གཉིས་སོགས་གནས་མཇལ་རྣམས་གྲུབ་བསྟུན་སྐུ་ཞབས་ཡས་ཕྱིན་ནས་ཕེབས་སྐྱེལ་དུ་སྐུ་འཁོར་སེར་སྐྱ་སྔ་མའི་ཕེབས་བསུ་ལས་ཆེས་མང་བ་དང་བཅས་ཆིབས་ཁ་བསྒྱུར་ཞིང། གླང་རར་ཐབ་སྐྱེལ་ཐོག་སྐུ་འཁོར་རྣམས་ལ་གནང་ཆ་གཟབ་རྒྱས་བཅས་སོ་སོའི་ཐུགས་འདོད་སྐོང་བར་མཛད་ནས་འཕན་ཡུལ་གཞུང་འདེད་ཀྱིས་རིམ་གྱིས་ཕེབས། ཇ་ཡུལ་གཞིས་ཀར་ཆོས་སྡིངས་ནས་ཁང་སྟེང་པ་བསྟན་འཛིན་དཔལ་འབྱོར་སོགས་སེར་སྐྱ་མང་པོས་ཕེབས་བསུ་དང། གྲྭ་མང་གིས་སེར་ཕྲེང་བཅས་ཆོས་སྡིངས་བླ་བྲང་དུ་ཕེབས། དེ་ཕྱོགས་ཀྱི་སེར་སྐྱ་མཆོག་དམན་རྣམས་ལ་སྤྱི་དབང་དང་སྒོས་ཆོས་གསུང་ཆོག་བསྔོ་སྨོན་རྒྱས་འདེབས་སོགས་རེ་བློ་བཀང། འདུས་ཚོགས་ལ་མང་འགྱེད་བསྒྲིགས་ལམ་ཀུན་སྤྱོད་གཙང་དག་དགོས་པའི་བསླབ་སྟོན་མཐིལ་ཕྱིན་བཅའ་ཡིག་དང་བཅས་པ་གནང། ཉེར་དགུའི་ཉིན་ཆོས་རྗེ་བཅོ་བརྒྱད་པས་གཙོས་ནཱ་ལེནྡྲའི་ལས་འཛིན་བཞི་བཅུ་སྐོར་ཕེབས་བསུར་འབྱོར།[
རྒྱལ་ཟླའི་ཚེས་ལ་ཆིབས་ཁ་ཕྱོགས་པའི་ལམ་བར་གྱི་མཆོག་དམན་སོ་སོའི་རེ་བློ་འགེངས་པར་མཛད། ཕེབས་བསུ་སེར་ཕྲེང་སོགས་ཀྱིས་རིང་པོ་ནས་བསུས་ཏེ་བླ་བྲང་དུ་ཕེབས། དེའི་སང་