[A:༡༤]བྱིར་གཤེགས།
ཆོས་རྗེ་བླ་མ་བསོད་བློ་དཔལ་ལྡན་པ།
བསྟེན་ཅིང་ཞལ་སློབ་མི་གསལ་བཙུན་དང་ནི།
རྟ་ནག་གྲུ་གུར་ལེགས་བློ་གཉིས་པ་ནི།
ཡང་འབྲོག་བསོད་ནམས་འབུམ་ལས་ཡབ་བཞི་བཅུ།
ས་ཡོས་ནམ་ལེགས་འཁྲུངས་ནས་ཞེ་དྲུག་པ།
ཤིང་བྱིར་གཤེགས་དེས་འབྲོམ་སྟོན་སེང་གེ་སོགས།
བསྟེན་ཅིང་ཞལ་སློབ་དུ་མ་ཡོད་དམ་སྙམ།
སྐུ་མཆེད་གཏོགས་པའི་ལྕམ་ལྔ་བཙུན་དང་ནི།
ཡར་འབྲོག་དཔལ་ཆེན་ལྕམ་གཉིས་གཉིས་པ་ནི།
མི་ཉག་བཙུན་མ་སྐྱིད་ལ་ནམ་རྒྱལ་བ།
ཡབ་རྗེ་སོ་བདུན་ཤིང་ཡོས་འཁྲུངས་པ་དེ།
ཉེར་དགུ་ཆུ་ལུག་ལོར་གཤེགས་བླ་སློབ་རྣམས།
མི་གསལ་ལྕམ་ལྔ་བཙུན་དང་ཤངས་མཐོང་སྨོན།
བགྲེས་པར་ལྕམ་གཅིག་གཞོན་པར་རིན་རྒྱལ་བ།
གསུམ་པ་གནམ་གླིང་དཔལ་འབྱོར་བཟང་མོ་ལ།
ཡབ་རྗེ་ཉེར་བཞི་ས་སྟག་ནམ་བཀྲས་འཁྲུངས།
ཞེ་དྲུག་ཆུ་ཕག་གཤེགས་དེས་སྟག་ཚང་ལོ།
ཤེས་རབ་རིན་ཆེན་མི་ཉག་གྲགས་རྡོར་སོགས།
དབུ་བླར་བཞེས་ཤིང་ཞལ་སློབ་དུ་མ་བྱོན།
བཙུན་མོ་དམའ་ཟེ་ཧོར་མོ་ཚེ་བརྟན་ལ།
ས་ལོ་འཇམ་དབྱངས་ཀུན་དགའ་བསོད་ནམས་དང།
ངག་གི་དབང་ཕྱུག་འཇམ་དཔལ་གྲགས་པ་དང།
སངས་རྒྱས་ཚེ་བརྟན་སྐུ་མཆེད་རྣམ་བཞི་ལས།
ཕྱི་མ་ཡབ་རྗེ་སོ་ལྔ་ཆུ་བྱིར་འཁྲུངས།
ལྔ་བཅུ་ལྕགས་