R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༥
[A:༡༥]གླང་གཤེགས་དེས་མུས་པ་རྗེ། སངས་རྒྱས་རིན་ཆེན་ས་ལོ་སྐུ་མཆེད་སོགས། བསྟེན་ཅིང་ཞལ་སློབ་དུ་མ་བྱོན་ཡོད་སྙམ། ཡར་འབྲོག་བུ་འདྲེན་སྐྱིད་ཅེས་ཁབ་བཞེས་ལས། གདུང་སྲས་མཆེད་གཉིས་བྱོན་པའི་དང་པོ་ནས། ཕྱི་བྱོན་རྩེ་གདོང་བླ་བྲང་གི་གདུང་རབས། ཕྱིས་བྱོན་རྩེ་གདོང་བླ་བྲང་གདུང་རབས་ནི། བདག་ཆེན་ཀུན་དགའ་བསམ་གྲུབ་ཡབ་ཉེར་བཞི། ཤིང་ཕག་འཁྲུངས་ཤིང་ང་བརྒྱད་ཆུ་སྤྲེར་གཤེགས། ས་ལོ་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་དང། ཀུན་དགའ་ལེགས་གྲུབ་སྨན་སྡིང་ལོ་ཆེན་སོགས། བསྟེན་ཅིང་ཞལ་སློབ་དུ་མ་བསྐྲུན་ཡོད་སྙམ། བཙུན་མོ་བདེ་སྐྱིད་གླིང་པ་མ་གཅིག་ལ། ཀུན་དགའ་བདེ་ལེགས་ཡབ་རྗེ་སོ་ལྔ་པ། ས་བྱར་འཁྲུངས་ཤིང་བཞི་བཅུ་ས་བྱིར་གཤེགས། ཀུན་དགའ་ལེགས་གྲུབ་ཀུན་དགའ་རྒྱལ་མཚན་དང། ཡབ་རྗེ་དཀོན་མཆོག་དཔལ་ལྡན་ཐར་རྩེ་བ། པཎ་ཆེན་ནམ་མཁའ་དཔལ་བཟང་ཐུབ་བསྟན་པ། བྱམས་པ་རབ་བརྟན་སོགས་བསྟེན་ཞལ་སློབ་མང། བཙུན་མོ་རྟ་ནག་བྱ་བཟང་དཔལ་བུ་ཁྲིད། དེ་