R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༥༣
[A:༡༥༣]འཛུགས་པར་གནང་ཞིང་། ནམ་མཁའི་ལྷས་ཀྱང་ཤིན་ཏུ་ངོ་མཚར་བས་ཐུགས་དགྱེས། བཅོ་བརྒྱད་ཆོས་རྗེས་མཚོན་དགེ་འདུན་རྟ་པ་བཞི་བཅུ་སྐོར་གྱི་གཡག་རོང་གདོང་བར་ཕེབས་སྐྱེལ་ཞུས། དེ་རྣམས་ལ་དངོས་པོའི་གནང་སྦྱིན་གྱ་ནོམ་པ་དང་། བསྟན་ལར་ལྗང་བསམ་ཆེན་པོ་སོ་སོ་ནས་མཛད་དགོས་པའི་བཀའ་ཁྱབ་གནང་བས་ཆོས་རྗེ་བཅོ་བརྒྱད་ཁྲ་ཟླའི་ཚེས་གཅིག་སྔ་དྲོ་བསམ་ཡས་ནས་རྟ་པ་སུམ་ཅུ་སྐོར་རྡོ་མཆོད་ཐང་དུ་ཕེབས་བསུའི་ཐོག་རབ་བྱུང་ཚོགས་པའི་སེར་ཕྲེང་དང་བཅས་བསམ་ཡས་ནང་པ་རྩས་མང་པའི་ཁྱིམ་དུ་ཕེབས། སྟག་རྩེ་ནས་གསོལ་ཇ་དང་ཟུར་ཆས་གཟབ་རྒྱས། རྩྭ་ཤིང་རྣམས་ཟླ་སྐོར་བཞུགས་ཀྱང་འབུལ་རྩིས་དང་། སང་ཕོ་བྲང་དུ་ཕེབས་པའི་སློབ་དཔོན་ཆེན་པོ་སྲིན་ཡུལ་ལ་ཕེབས་ཁར་མུ་ཁྲི་བཙན་པོ་ལ་གནང་བའི་ཞབས་རྗེས་སོགས་ནང་རྟེན་མཇལ་བ་དང་བཅས་གསོལ་གོང་དུ་ཕེབས་དགོས་པའི་སྙན་གསན་ཕུལ་བར། དེ་བཞིན་