[A:༡༥༤]བྱེད་ཅིང་གནས་མཇལ་སྐབས་སྣེ་ཤན་པ་ཞིག་དགོས་ཚུལ་གནང་བས། དེའི་སང་སྣེན་ཤན་པར་གཉེར་པ་ཆོས་མཛད་དང་བཅས་དབུ་རྩེ་རིགས་གསུམ་གྱི་བྱང་ཆུབ་ཆེན་པོའི་སྐུ། བོ་དྷི་སཏྭའི་དབུ་ཐོད་། གཡུའི་ཇོ་བོ་རྣམས་དང་། བར་ཁང་གི་དུས་གསུམ་སངས་རྒྱས་འཁོར་བཅས་རྣམ་སྣང་ཀུན་ཏུ་ཞལ་འཁོར་བཅས་དང་། འཇམ་དཔལ་གླིང་ནས་བཟུང་། མ་ཆགས་པད་མ་ཅན་གྱི་བར་གྱི་གནས་གཟིགས་རྣམས་གནང་། སོ་སོར་སྙན་ཤལ་སོགས་མཆོད་རྫས་དུ་མ་ཚར་དུ་དངར། ཕོ་བྲང་དུ་ཕེབས། ཞབས་དྲུང་ནས་མཇལ་དར་དང་། ཕར་གནང་སྐྱེེས་ཚན་གྲངས་འགའ་ཞིག་མཛད། མཆོད་ཡོན་ལྷན་རྒྱས་བཞུགས་གྲལ་ཐོག་གུང་ཚིགས་སྟོན་མོ་དཀར་སྤྲོ་སོགས་བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས། སློབ་དཔོན་གྱི་ཞབས་རྗེས་ཀྱིས་མཚོན་ནང་རྟེན་རྣམས་ཞིབ་མཇལ་གནང་། ཚེས་གསུམ་སྐུ་ཕེབས་ཐོག་ཆོས་སྐྱོང་དང་མཇལ་འཛོམ་མཛད་སྐབས། རྗེ་ཉིད་ནས་དབུ་ཆིངས་གནང་སྐྱེས་ལེགས་པར་མཛད། སྤྱི་བྱེ་བྲག་གི་བསྟན་པ་དང་སེམས་ཅན་ལ་དགོངས་པའི་བཀའ་བསྒོ་དམ་གཞག་གནང་བས་ཆོས་སྐྱོང་ནས་ཀྱང་འོ་དགེ་བཤེས་དེ་ཡིན་དེ་བྱེད་ཞུས་ཏེ་ཞལ་གྱིས་བཞེས། ངོས་