[A:༡༥༧]བརྟན་ཞལ་བཞེས་གནང་དགོས་པའི་གསོལ་བ་བཏབ། རྗེ་ཉིད་ནས་ལོ་དུ་མའི་བར་སྡོད་དོ་ཞེས་ཞལ་བཞེས་གནང།
དེར་གདན་སར་ཕེབས་སྩོལ་དགོས་པའི་ཞུ་ཡིག་བཅས་རྩེ་གདོང་ནས་བང་ཆེན་འབྱོར་བས། དེ་ཕྱོགས་ཀྱི་སེར་སྐྱ་རྣམས་ལ་སྤྱི་ཆོས་གོས་ཆོས་མཚན་བསྐྱངས་ཏེ་གནང་། བརྟན་བཞུགས་འོད་གསལ་མ་བཙུགས་མང་འགྱེད་ལོགགས་སྩལ་ཏེ། སང་ཉིན་ར་བ་སྨད་དུ་ཕེབས་བསུ་སེར་ཕྲེང་བཅས་བྱོན། ཆོས་སྐྱོང་གིས་ཕེབས་བསུ་མཇལ་དར་སོགས་དང་རྗེ་ཉིད་ནས་ཀྱང་སྙན་དར་ཕྱག་རལ་་སོགས་གནང་ནས་གཟིམ་ཆུང་དུ་ཕེབས། སླར་ཡང་སྤྱན་འདྲེན་ཞུ་བར་མཛད་སྐབས་གསུང་ལས་ལྕོག་ཏུ་དགེ་བཤེས་རོང་སྟོན་གྱི་ཆོས་ཁྲིའི་སྟེང་ནས་ལམ་འབྲས་གནང་བ་དེ་ལེགས་ཤིང་། སྔོན་དུར་ཁྲོད་བསིལ་བ་ཚལ་དུ་དགེ་བཤེས་དང་རང་རེ་གཉིས་ཀྱི་རྡོ་རུས་སྦལ་འདྲ་བ་ཞིག་གི་འོག་ནས་ཟབ་གཏེར་སྤྱན་དྲངས་པ་མ་བསྙེལ་འདུག་གམ། འབྲས་སྗོངས་ཀྱི་གནས་སྒོ་ཕྱེ་བའི་སྐབས་གྲུབ་ཐོབ་རྫོགས་ཆེན་པ་དང་བཅས་རང་རེ་གསུམ་ཡོད་པ་མ་བསྙེལ་འདུག་གམ་ཞེས་སོགས་དང། ངས་བྲག་དམར་ཀེའུ་ཚང་དུ་བྱ་དམར་ཁྲ་ཞིག་ཏུ་རྫུས་ནས་འོངས་པ་ངོ་མཁྱེན་ནམ་གསུངས། སྤྱི་བྱེ་བྲག་གི་ལུང་བསྟན་དང་། རྒྱལ་མཚན་ལེགས་པ་ཞིག་ཆོས་ཀྱི་རྒྱལ་མཚན་འཛུགས་པའི་རྟེན་འབྲེལ་དུ་ཕུལ། འདུས་སྡེར་