[A:༡༥༨]མང་ཇ་དངོས་འགྱེད་སོགས་སྩལ། དེ་ནས་གོང་དཀར་དུ་ཆོས་སྡེའི་ཕེབས་བསུ་སེར་ཕྲེང་བཅས་པས་བསུས་ཞབས་ཏོག་བསྙེན་བཀུར་གཟབ་རྒྱས་ཞུས། འདུས་ཚོགས་སུ་མང་འགྱེད་དང་བཅས་སྤྱི་ཆོས་སྒོས་ཆོས་སྩལ་ཞིང་། གནས་གཟིགས་སོགས་མཛད། དེ་ནས་ཤད་རྩོལ་གྱིས་ཕེབས་པ་ལམ་བར་ན་འཁོད་པའི་སྐྱེ་འགྲོ་ཀུན་ལ་ཕན་བདེའི་ས་བོན་བསྐྲུན་པའི་རིང་ནས་ཐོབ་རྒྱལ་གྲུ་བརྒྱུད་ལྕགས་སྤྲེ་ཁྲ་ཟླའི་ཉེར་གསུམ་ལ་གེ་རེར་ཕེབས། ཕྱག་མཛོད་ལྷུན་གྲུབ་ཆོས་དཀར་འཁོར་བཅས་ཕེབས་བསུར་བྱོན་གཞིས་བྱེས་དགྱེས་པའི་གསུང་གླེང་རྒྱ་ཆེར་སྩལ། ཉེར་བཞིའི་ཉིན་རྒྱན་མཆོག་རིན་པོ་ཆེ་གདུང་བརྒྱུད་མཆེད་ཡུམ་དང་བཅས་ཞལ་ངོརྣམས་དང་ཆོས་སྡེའི་ལས་ཚན་སོགས་སེར་སྐྱ་རྣམས་ཀྱི་ཕེབས་བསུས་གྲྭ་དམངས་ཀྱི་སེར་ཕྲེང་དང་བཅས་འཕེལ་རྒྱས་སུ་གུང་ཚིགསདང། གྲུབ་འཕྲལ་ལྷུན་རྩེར་པེབས་པའི་དགའ་སྟོན་རྫོགས་ལྡན་གྱི ་སྤྲིན་བཞིན་གྱུར། ཆོས་སྲུང་ལ་གཏང་རག་གི་མཆོད་གཏོར་ཀྱང་རྒྱས་པར་མཛད་དོ། །
དེ་ནས་ཚེས་བཅོ་ལྔ་ལ་རྗེ་འདི་ཉིད་དཔོན་སློབ་བྱང་པ་དང་། གཟིམ་དཔོན་མཚུངས་མེད་གཉིས་ཀྱིས་ཚོགས་ཆེན་དུ་སྤྱན་དྲངས་ཏེ། དཔོན་གཟིམ་གཉིས་ཕྱག་མཛོད་སྤྱི་ཆེན་རྣམས་ཀྱི་མང་ཇ་གསུམ་སྦྲེལ་སྟེང་ཞབས་བརྟན་འོད་གསལ་མ་འཛུགས་པར་མཛད།