R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༥༩
[A:༡༥༩]རྒྱན་མཆོག་རིན་པོ་ཡུམ་དཔོན་སློབ། གཟིམས་ཕྱག་སྤྱི་གྲྭ་དམངས་སོགས་ནས་དངོས་པོའི་ཚན་གྲངས་ཀྱིས་མཆོད་ནས་བསྐལ་བརྒྱར་ཞབས་པད་བརྟན་པའི་གསོལ་འདེབས་དང་། རྟེན་འབྲེལ་ལེགས་བསྒྲིགས་སུ་མཛད། གནང་ཆ་སོགས་ཀྱང་ཆེ་ཐོབ་ཆུང་ཐོབ་ཀྱི་སློག་རྣམས་བཀའ་དྲིན་ཆེ་བར་མཛད། ཉེར་གསུམ་སྔ་དྲོ་བསངས་དང་དར་འཕྱར་གནང་ཐོག་བསམ་ཡས་ཆོས་སྐྱོང་གིས་ངོས་མཇལ་ཡང་ཡང་བྱེད་གསུང་པ་ལྟར། གདན་ས་འདི་ཉིད་དུ་བསོད་ནམས་ཆོས་མཆོག་ལ་ཁོག་ཞུགས་གནང་བའི་སྐུ་ཕེབས་དང་པོ་བྱུང་། ས་གའི་བདེ་མཆོག་སྒྲུབ་མཆོད་དང་། མགོན་པོ་དྲུག་ཅུ་པའི་རྡོ་རྗེ་སློབ་དཔོན་དུ་པེབས། ཉེར་གསུམ་ལ་བསངས་སོགས་གོང་བཞིན། ཆོས་སྐྱོང་སྐུ་ཕེབས་ཐོག་ལྷུན་རྩེའི་མཁར་ལས་ཀྱི་ས་འདུལ་དང་ལས་མི་རྣམས་ལ་ཕྱག་ནས་བར་ཆད་མི་ཡོང་བའི་ལུང་བསྟན་མཛད། ཉེར་བཞི་ལ་མཁར་ལས་ཚུགས་ཟླ་ཁོངས་སུ་གྲུབ་ འདི་སྐབས་མཚན་མོ་རྡོ་འཇོ་བ་དང་། ས་སྐྱེལ་བ་དང་འཁུན་པ་སོགས་སྔོན་བསམ་ཡས་བཞེངས་ཚུལ་དང་མཐུན་པར་བྱུང་། ཉེར་དྲུག་ལ་ཕྱག་མཛོད་གསེར་ཁང་སོགས་རྒྱན་མཆོག་གི་ཕྱག་ནས་རྩིས་བཞེས་པའི་དེབ་ནང་བཟིན་རིམ་འབུལ་གནང་། དེ་སྐབས་གདུང་བརྒྱུད་སྐུ་མཆེད་དུ་ན་བཟའ་ཆ་ཚང་སྐུ་བེར་ལམ་འབྲས་གླེགས་བམ། མགོན་པོད་རོལ་སིལ་རྡོར་