R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༦༠
[A:༡༦༠]དྲིལ་ཆིབས་སྒ་རིགས་ལྔ་ཉེར་གཅཀིག་སོགས་དངོས་པོའི་གནང་ཆ་དང། ལྷ་ཁང་སོགས་སུའང་སྦྱོར་འཇགས་སྤམས་མཐོ་བར་གནང་། ཐུགས་འགན་བཞེས་པ་ནས་བཟུང་ཞལ་ངོ་སྤྱིའི་སྐུ་རིམ་དུས་མཆོད། དགེ་འདུན་གྱི་ཞབས་ཏོག་སོགས་སྔོན་གྱི་ཕྱག་དེབ་ལས་རིམ་སྤོར་མཛད། ཆུ་སྟོད་ཟླའི་ཚེས་གཅིག་ལ་སྐུའི་དབོན་ཀུན་དགའ་ཚེ་དབང་རིག་འཛིན་རབ་བྱུང་བཞེས་པའི་མཁན་པོ་རྗེ་ཉིད་དང། སློབ་དཔོན་ཐུབ་བསྟན་མཁན་ཆེན་བཟང་པོ་རྒྱལ་མཚན་སོགས་དགི་སློང་དྲུག་གི་དབུས་སུ་རབ་བྱུང་མཛད་ཅིང་གཞན་ཡང་དེ་ཉིན་རབ་བྱུངབསྙེན་རྫོགས་མང་པོ་གནང་། གདུང་བརྒྱུད་སྐུ་མཆེད། མཁན་ཆེན་བཟང་པོ་རྒྱལ་མཚན་སོགས་ལ་འཇམ་དཔལ་སྨྲ་སེང་གི་རྗེས་གནང་། དཀོན་མཆོག་ལྷུན་གྲུབ་ཀྱི་བཀའ་འབུམ་དམར་པོ་སྐོར་གསུམ་སོགས་ཀྱི་ལྗགས་ལུང་དང། གྲོ་ཞུན་ཟླ་ནང་བསམ་ཡས་ཆོས་སྐྱོང་ནས་གུ་རུ་པད་མའི་ཞལ་གཟིགས་སྒྲུབ་པ་མཛད་དགོས་ཡོད་གསུང་པ་དང་། བསེ་ཁྲབ་ཅན་ནས་ཀྱང་དེ་བཞིན་བྱུང་བས། རྗེ་ཉིད་ནས་ཀྱང་ཆོས་གྲྭ་ཆེན་པོའི་འཛིན་སྐྱོང་སྐུའི་དབོན་ལ་གཏད། ཚོགས་ཆེན་དུ་མང་ཇ་འགྱེད་སོགས་སྩལ། ཁྲུམས་ཟླའི་ནང་ཆིབས་ཁྱོན་པའི་ཚེས་བཅུ་ལ། སློབ་དཔོན་