[A:༡༦༡]གྱི་སྒྲུབ་གནས་ཟབ་ལུང་དུ་ཕེབས། གྲྭ་བཙུན་རྣམས་ལ་མང་འགྱེད་ཚོགས་འཁོར་སོགས་སྩལ། ལེའུ་བདུན་མ་སོགས་གསོལ་འདེབས་ལན་མང་དུ་མཛད། ཚེས་བཅུ་གསུམ་ནས་ཞབས་སྐོར་འབུམ་ཐེར་འགོ་བཙུགས་ཉིན་རེར་ཞབས་སྐོར་སུམ་བརྒྱ་ཉི་ཤུ་རེ་གནང་། གདུལ་བྱ་ལས་ཅན་འགའ་ཞིག་གིས་ཞབས་ས་ལ་མི་རེག་པར་ཕེབས་འདུག་ཟེར་བའང་མང་དུ་བྱུང་། སྔོན་སྐོར་བ་སྟོང་ཕྲག་བཅུ་གཅིག་རེར་འབུམ་ཐེར་བརྩི་ཡང་རྗེ་ཉིད་ནས་སྟོང་ཕྲག་བཅུ་གཉིས་ཁ་སྐོང་བཅས་དང་། ཞབས་སྐོར་མ་གྲུབ་བར་ལ་དཀོན་མཆོག་སྤྱི་འདུས་ཀྱི་ཉམས་བཞེས་དང་མཆོད་རྒྱུན་ནར་མར་འབུལབ། ཞབས་སྐོར་ཐོན་ནས་འཕན་སོགས་མཆོད་རྫསརྒྱ་ཆེ་དང་། དེར་བཞུགས་རིང་འབུལ་བ་གསུམ་ཚན་རེ་བྱུང་ཡང་དར་ཁ་རེ་སྙན་དར་དུ་ཕུལ། དེ་སྐབས་སྐུའི་དབོན་ཀུན་དགའ་ཚེ་དབང་རིག་འཛིན། ས་མཆོད་ཐོག་སྲིད་གསུམ་རྣམ་རྒྱལ་བཞུགས་ཁྲིར་མངའ་གསོལ་མཛད་བཞེད་ལ་མ་འགྲིག་པར་སྨིན་དྲུག་གི་བཅུ་བཞི་ལ་ཁྲིར་ཕེབས་རྗེ་ཉིད་ནས་ཀྱང་ཐུབ་དབང་གི་སྐུའི་གཙོས་དགུ་ཚན་གསུམ་གྱི་ལེགས་སྐྱེས་བཅས་རྒྱལ་ཚབ་ཏུ་དབང་བསྐུར། རྗེ་འདི་གཏེར་ལུང་གསུམ་པ་དང་། བདུན་པའི་གནས་གཟིགས་སུ་ཕེབས། གཏེར་ལུང་བདུན་པར་སྐུ་འཁོར་རྣམས་ཕྱིར་སློག་ནས་བྲག་གཡབ་ཞིག་ཏུ་བཞུགས། གནས་མཇལ་བ་འགས་རྗེ་འདི