R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༦
[A:༡༦]ལས་རྩེ་གདོང་ཁྲི་ཆེན་འཇམ་པའི་དབྱངས། ཀུན་དགའ་བསོད་ནམས་ལྷུན་གྲུབ་གཅུང་བགྲེས་པ། ཚེ་དབང་ཧོར་སོག་བསོད་ནམས་རྒྱལ་མཚན་དང། གཞོན་པ་འཇིག་རྟེན་རྒྱ་ཧོར་རྣམ་གཉིས་ལས། ཕྱི་མ་ཡབ་རྗེ་སུམ་ཅུ་ས་སྟག་འཁྲུངས། ཞེ་བརྒྱད་ཤིང་གླང་གཤེགས་དེས་གཅེན་བགྲེས་དང། ཐར་རྩེ་པཎ་ཆེན་བྱམས་པ་རབ་བརྟན་དང། ཐུབ་བསྟན་མཁན་ཆེན་ཆོས་ཀྱི་འོད་ཟེར་སོགས། བསྟེན་ཅིང་ཞལ་སློབ་ཁ་ཤས་བྱུང་ཚོད་དང། བཙུན་མོ་སྟག་ལུང་ནོར་འཛོམ་བུ་ཁྲིད་ལས། བསོད་ནམས་བློ་གྲོས་བྱམས་པ་བསོད་ལྷུན་དང། ངག་དབང་བསོད་ལྷུན་གསུམ་ལས་ཕྱི་མ་འདི། ཡབ་རྗེ་སོ་དྲུག་ཆུ་གླང་འཁྲུངས་ནས་ནི། རེ་བཞི་མེ་འབྲུག་གཤེགས་དེས་གཅེན་མཆེད་དང། འཇམ་མགོན་ཨ་མེས་ཞབས་སོགས་དམ་པ་བསྟེན། ཞལ་སློབ་ཁ་ཤས་བཙུན་མོ་ཡོལ་གདོང་མ། ནོར་བུ་བུ་ཁྲིད་ལས་འཁྲུངས་བསྟན་འཛིན་དབང། བསོད་ནམས་འཕགས་པ་བསོད་ནམས་དབང་རྒྱལ་གསུམ། ལྕམ་གཉིས་བྱུང་མིན་ཐེ་ཚོམ་འདིར་མ་བཀོད། ཕྱི་མ་ཡབ་རྗེ་སོ་གསུམ་ཤིང་བྱར་འཁྲུངས། རེ་དྲུག་ལྕགས་སྟག་གཤེགས་དེས་གཅེན་བགྲེས་དང། ངག་དབང་བརྟན་རྡོར་སོགས་བསྟེན་སློབ་ཁ་ཤས། བཙུན་མོ་སྟག་ལུང་བཀྲ་ཤིས་ཚེ་རིང་ལ། གཅེན་པོ་ཀུན་དགའ་ཚེ་དབང་རིག་འཛིན་