[A:༡༦༢]མི་ཞིག་དང་། གསུང་གླེང་ཡུན་རིང་གནང་འདུག་པར་དབུའི་གཙུག་ན་མར་འཇའ་མདུང་ཚུགས་དང་། འཇའ་འོད་ཀྱི་གུར། མེ་ཏོག་གི་ཆར་སོགས་ལྟས་ཁྱད་མཚར་ཅན་བྱུང་བ་མཐོང་བས་ཁོང་རྣམས་དད་པའི་ཡུས་ཀྱི་ངུ་ཆོམ་དང་ཕྱག་འཚལ་བ་སོགས་ཀུ་ཅོ་དིར་བྱུང་། སྐུ་འཁོར་རྣམས་ནས་ཀྱང་ཚུལ་དེ་བཞིན་མཐོང་། སྔོན་ཆོས་སྐྱོང་རྣམ་གཉིས་ཀྱི་ལུང་བསྟན་ལྟར། སློབ་དཔོན་གྱི་ཞལ་གཟིགས་དེར་བྱུང་ངམ་སྙམ་ཟབ་བུ་གནས་མཐིལ་དུ་སྐུ་མཚམས་བདུན་ཕྲག་གཅིག་གནང་རྗེས་རིག་འཛིན་བརྒྱུད་པ་དང་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཚང་བའི་སྐུ་ཐང་ལྔ་། ཡང་དག་གི་ལྷ་ཚོགས་ཚང་བའི་ཐང་ཀ་གཅིག་བཅས་བཞེངས་ཏེ་ཕུར་པའི་སྒོ་ནས་རབ་གནས་མཛད། རྒོད་ཚང་བླ་མ་སོགས་ལ་ཚེ་དབང་དང་བཀའ་བསྒོ་སོགས་སྩལ། ཚུར་ཀྱང་རི་ཕྱུགས་ཤ་མར་སོགས་གཟབ་རྒྱས་ཕུལ། གནསདེར་རྒྱུན་རིང་བཞུགས་པའི་ཐུགས་འདུན་གཏད་ཀྱང། རྩེ་གདོང་པ་རྣམས་ནས་མྱུར་ཕེབས་དགོས་ཚུལ་དང། ཆོས་སྐྱོང་ཆེན་པོས་ཀྱང་དེ་བཞིན་ནན་ཆེན་བྱུང་བས་མགོ་ཟླའི་ཚེས་གཅིག་ལ་ཆིབས་ཁྱོན། དེ་ཉིན་མ་ཚོར་གྱི་གནས་གཟིགས། དེར་བཞུགས་རྣམས་ལ་མང་ཇ་སོགས་ཚིམ་པར་མཛད།དེ་ནས་རིམ་གྱིས་གདན་སར་ཚེས་ལྔའི་ཉིན་གསང་སྟབས་སུ་ལྷུན་རྩེར་ཤར་མར་ཕེབས། དེ་ནས་རེ་ཞིག་བཅད་རྒྱར་བཞུགས།