R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༦༣
[A:༡༦༣]སྔར་བཞེངས་ཕུར་པའི་ཐང་ཀ་རྣམས་ལ་རྒྱལ་ཟླའི་ཚེས་གསུམ་ལ་ཀྱཻ་རྡོར་ལ་བརྟེན་པའི་རབ་གནས་རྒྱས་པ་སློབ་བཅས་ཀྱི་མཛད། གསུང་ཆོག་ཕྱག་ཕྱི་བ། ལྷ་བྲིས་པ་ལྔ་། དངུལ་ཏོག་བརྡུང་མི་ལག་གཡོག་གོས་བཟོ་བ་བཅས་ལ་ཡོན་དང་སྟོན་མོ་སོགས་ཀྱིས་ཚིམ་པར་སྩལ། བཅད་རྒྱ་གྲོལ་བསྟུན་རྫ་དམར་བླ་མ་དང་ཚེ་དབང་བཀྲ་ཤིས་གཉིས་ལ་ཀུན་རིག་དང་དམར་པོ་སྐོར་གསུམ་གྱི་ལྗགས་ལུང། གུང་བརྒྱུད་སྐུ་མཆེད་དང་བཅས་པར་གསང་འདུས་འཇམ་རྡོར་གྱི་དབང་རྣམས་མཛད་གཏོར་སྤོད་དྲུག་ཅུ་པ་སོགས་ཀྱང་རྒྱས་པར་མཛད་། བྱ་ལོ་ཐུབ་བསྟན་དྲུང་གནས་སུ་བྱམས་པ་ལྷུན་གྲུབ། ངོར་ཁང་གསར་དབོན་པོ། སྡེ་དགེ་བླ་མ་ཀུན་དགའ་ཆོས་འཕེལ་རྣམས་ལ་ཕུར་པ། ཀུན་རིག། ཚེ་དཔག་མེད་ལྷ་དགུ་རྣམས་ཀྱི་དབང་། ལྷ་བརྒྱད་དང་། འབྱུང་འདུལ་རྗེས་གནང་། དཀོན་མཆོག་སྤྱི་འདུས་ཀྱི་ཚེ་དབང་རྣམས་གནང་། བདག་བསྐྱེད་གཏོར་ཆོག་བཅས་ཀྱི་ལུང་གཛད། དེ་ནས་ཁྲ་ཟླའི་ཚེས་བརྒྱད་ལ་ཐུབ་བསྟན་མཁན་ཆེན་བཟང་པོ་རྒྱལ་མཚན། དྲུང་གནས་གཉིས་རྣམས་ལ། དམར་པོ་བསྐོར་གསུམ་གྱི་རྗེས་གནང་། མངའ་རིགས་དྲུང་གནས་ལ་དེའི་བེའུ་བུམ་ལུང་རྣམས་གནང་། དེ་མཚུངས་སློབ་དཔོན་གྱི་དངུལ་སྐུ་པདྨ་གསེར་ཟངས་ལས་གྲུབ་པདང། གོང་མ་བྱམས་པ་བསོད་ནམས་