[A:༡༦༤]པའི་སྐུ་བརྐྱང་ཁྲུ་གང་ལྷག་ཙམ་གསེར་ཟངས་ལས་གྲུབ་པ་ཟླ་བ་དྲུག་ཁོངས་སུ་བཞེངས། དེ་བསྟུན་ཆོས་སྐྱོང་གི་ལུང་བཞིན་ཉིད་ཀྱི་ཕྱག་མཛོད་དང་། གཟིམ་དཔོན་སོགས་ཕྱག་ཕྱི་རྣམས་ནས་ཁུར་བསྐྱེད། རྗེ་ཉིད་ཀྱི་འདྲ་སྐུ་གསེར་ཟངས་ལས་གྲུབ་པའི་བཟོ་ཁྱད་ཕུལ་ཕྱིན་ཞིག་ཀྱང་བཞེངས་པས། དེ་སྐབས་སུ་ལྷག་བསམ་གྱིས་ཀུན་ནས་བླངས་པས་ཞལ་འདེབས་དང་བསྙེན་བཀུར་ཞུ་མི་སོགས་ཁྱོན་སྡོམ་མི་བརྒྱ་དང་དྲུག་ཅུ་སྐོར་སོགས་ཀྱི་དཔལ་འབྱོར་ལྷའི་འདོད་ཡོན་ལ་འགྲན་པར་གྱུར། གྲོ་ཞུན་གྱི་ཚེས་བརྒྱད་ལ་ཉིད་ཀྱི་འདྲ་སྐུ། ལྷུན་རྩེར་སྤྱན་དྲངས།
ཁྲུམས་ཟླའི་ཚེས་དྲུག་ལ་སྐུ་གསར་བཞེངས་གཉིས་ཀྱང་ལྷུན་རྩེར་སྤྱན་དྲངས་ནས་གཟུངས་གཞུག་གི་རྟེན་རྣམས་རྗེ་ཉིད་ནས་ཕྱག་བཞེས་སུ་བསྟར། ཤེལ་བྲག་ནས་ཉི་མ་འོད་ཟེར་གྱིས་གདན་དྲངས་པ་སློོབ་དཔོན་གྱི་སྐུ་བྱེ་མ་ཨ་ཀྲོང་དུ་གྲགས་པ་དང། ཨོ་རྒྱན་གཙོ་འཁོར་གསུམ་སྐུ་སྒྱུར་སངས་རྒྱས་འཕེལ་གདུང་སོགས་སངས་རྒྱས་ཀྱི་འཕེལ་གདུང་གུ་རུ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་མཁས་གྲུབ་དུ་མས་བྱིན་རླབས། ལོ་པཎ་དུ་མའི་རིང་བསྲེལ། དབུ་ལོ་ན་བཟའ། ལམ་ཟབ་བརྒྱུད་པ་སོགས་མ་ཚང་བ་མེད་པར་མ་འཁྲུལ་བར་འབུལ་བར་མཛད།
ཚེས་བཅུ་ལ་ཀྱཻ་རྡོར་ལ་བརྟེན་པའི་རབ་གནས་རྗེ་ཉིད་སློབ་