R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༦༥
[A:༡༦༥]ཚོགས་དང་བཅས་པས་མཛད་པས། ཡེ་ཤེས་པ་ཞུགས་པའི་རྟགས་ཐོན་པ་བྱུང་ཞིང་། རབ་གནས་ཕྱག་ཕྱི་དགེ་འདུན་རྣམས་དང་། བཟོ་བོའི་མགོ་པ་གཉིས་ལག་གཡོག་དང་བཅས་པ་རྣམས་ལ། བསོད་བཏགས། གོས་དར། གསེར་དངུལ་དཀར་ཞགས། རྟ་དྲེའུ། རྟ་སྒ། གོས་སྟོད། གོས་སློག་སོགས་བསམ་གྱིས་མི་ཁྱབ་པ་གནང། སྐུ་གསུམ་བཞུགས་ཁྲིའི་ཤིང་བཟོ་བ། ལྷ་བྲིས་པ་བཅས་ལའང་གསོས་རས་གཟབ་པར་སྩལ། དེ་རྣམས་ལ་མཆོད་རྒྱུན་མར་མེའི་ཐེབས་སུ་རི་ཕྱུགས་ཕོ་མོ་བརྒྱ་དང་ཉི་ཤུ་ལྷག་ཙམ་མར་དཀོན་གཉེར་དུ་ཤར་མར་རྩིས་སྤྲོད་པའི་བཀའ་ཁྱབ་གནང་། དེ་ནས་ཁམས་འ་ཞུར་གྱི་གྲྭ་པ་སུམ་ཅུ་ཙམ་ལ་བསྙེན་རྫོགས། གསེར་མདོག་ཅན་མཁན་པོ་བརྩོན་འགྲུས་ཕུན་ཚོགས་ལ་ལམ་དབང་དང། གཞན་ཡང་ཕྱོགས་ནས་བྱོན་པའི་དགེ་འདུན་རྣམས་ལ་རབ་བྱུང་བསྙེན་རྫོགས་དབང་བཀའ་རྗེས་གནང་། སྐྱེ་བོ་ཕལ་པ་རྣམས་ལ་ཚེ་བཀའ་གང་འདོད་སོགས་ཀྱིས་ཚིམ་པར་སྩལ། ཁམས་གླང་དགོན་གྱི་བླ་མར་ཕུར་པ་སྟོད་ལས། རྣམས་འཇོམས་རྗེས་གནང་བྱབས་བཀྲུས། དགོན་པའི་བཅའ་ཡིག་གདན་ས་ཆེན་པོ་ནས་གནང་བའི་རྒྱབ་བསྣོན་བཅས་སྩལ། ས་ག་ཟླ་བའི་ཚེས་ལྔ་ལ་ཕྱག་མཛོད་ཆོས་དཀར་ནས་ཞབས་