[A:༡༦༧]དབྱུག་ཟླའི་ཚེས་བཅུ་གསུམ་ལ་ཆབ་ཚན་དུ་ཕེབས། ཆབ་ཞག་བདུན་གནང་བའི་ཞག་གསུམ་ཐོག་ཏུ། བཅོ་བརྒྱད་ནས་ཀྱི་ཆབ་ལ་ཕེབས་པ་ལམ་དུ་གསན་པས་། ཁོང་དཔོན་སློབ་དེར་ཕྱག་མཇལ་དུ་ཕེབས། ཕྱག་དབང་དང་གསོལ་ཚིགས་ཞིག་སྩལ། ཁོང་དཔོན་སློབ་སྒོ་ལ་ཕྱོགས་ཀྱི་གང་འབྱོར་དུ་ཕེབས། རྗེ་ཉིད་ནས་གླིང་མཁར་རྫོང་དཔོན་དང་། སྡིངས་མ་སྤྱི་སོགས་སེར་སྐྱ་མཆོག་དམན་སྟོང་ཚོ་གཅིག་ཙམ་ལ་རས་ཆུང་ཚེ་དབང། དོལ་གནས་ཆུང་པར་ལྕགས་སྡོང་མའི་ཚེ་དཀའ། གཞན་ཡང་འདོད་ཆོས་ལྗགས་ལུང་སོགས་སོ་སོའི་རེ་སྐོང་མཛད། བསྙེན་བཀུར་བ་སོགས་མང་དུ་བྱུང་། ཉེར་གཉིས་ཀྱི་གུང་ཚིགས་སྔ་གྲོལ་ལ་ཆིབས་ཁྱོན་པའི་ཕེབས་ཞག་གསུམ་གྱི་མདོ་ཆོད་དུ་ཕེབས་ལམ་བར་གྱི་གདུལ་བྱ་རྣམས་སྦྱིན་པ་རྣམ་བཞིས་ཚིམ་པར་མཛད། མདོ་ཆོད་དུ་བཞུགས་ཞག་གསུམ་དང་གསུང་བསྐང་སྨིན་རྒྱས་གནང། དེ་ནས་གདན་སར་ཕེབས་བསུ་སེར་ཕྲེང་སོགས་ཀྱིས་བསུས་ཏེ་ལྷུན་རྩེར་ཕེབས། དེ་ནས་སྡེ་དགེ་ཞལ་ངོ་ཀུན་དགའ་རབ་བརྟན་སོགས་ལ་བཀའ་གདམས་ལྷ་བཞིའི་རྗེས་གནང་གླེགས་བམ་ལུང་། ཀླུ་དབང་རྒྱལ་པོ། ཚེ་དཀར། རྟ་མགྲིན་ལྕགས་རལ་ཅན་རྣམས་ཀྱི་རྗེས་གནང་། ཀུན་རིག་གི་དབང་རྣམས་གནང་། བཅོ་བརྒྱད་བྱམས་པ་ངག་དབང་ལྷུན་གྲུབ་དཔོན་སློབ་