R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༦༩
[A:༡༦༩]ཆེན་པོའི་རྗེས་གནང་དང་། ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཉམས་སུ་ལེན་ཚུལ་གྱི་བསྒོམ་ལུང་། བན་ཚང་པ་སོགས་ལ་ཨ་མེས་ཞབས་ཀྱིས་མཛད་པའི་གནོད་སྦྱིན་ཙེ་དམར་གྱི་གསོལ་ཁ་ལེ་ཚན་གཉིས། ཀུན་བཟང་སྨོན་ལམ། སྤྱོད་འཇུག་སྨོན་ལམ། སྤྱན་རས་གཟིགས་ཕྱག་བཞི་པའི་བརྒྱུད་འདེབས། དཀོན་མཆོག་སྤྱི་འདུས་བརྒྱུད་འདེབས། ཆབ་གཏོར་། ཀླུ་གཏོར་། རྗེ་ཉིད་ཀྱི་བརྟན་བཞུགས། བསོད་ནམས་རྒྱས་བསྐྲུན་མ། འོད་གསལ་མ། ཕནབདེའི་དཀྱིལ་འཁོར་མ། ཀུན་རིག་གཞན་ཕན་མཐའ་ཡས། སྦྱིན་སྲིག་རོ་སྲིག་ཚ་ཚའི་ཆོ་ག འབྱུང་འདུལ་སྒྲུབ་ཐབས་གཏོར་ཆོག་རྣམས་ཀྱི་ལུང། འབྱུང་འདུལ་དང་དཀར་བདུད་རྗེས་གནང་། སྣྲོན་ཟླའི་ཉེར་བཞི་ལ་ནཱ་ལེནྡྲའི་གྲྭ་རྒྱུན་བཞི་དང་། གཞིས་གྲྭ་རྣམས་ལ་རབ་བྱུང་བསྙེན་རྫོགས། ཀླུ་བུམ་སྒྲུབ་པ་རྣམས་གནང་སྟེ་ལྷུན་རྩེ་སོགས་སུ་འཇུག་པར་གནང་། ཆུ་སྟོད་ཟླའི་བཅོ་བརྒྱད་ཉིན་ནཱ་ལེནྡྲའི་གྲྭ་རྒྱུན་མང་པོར་བསྙེན་རྫོགས་དང་། གཅུང་རྒྱན་མཆོག་རིན་པོ་ཆེ། མཁན་ཆེན་བཟང་པོ་རྒྱལ་མཚན། སྲིད་གསུམ་སློབ་དཔོན་སོགས་ལ་ཀྱཻ་རྡོ་རྗེར་མན་ངག འགྲེལ་པ། མཚོ་སྐྱེས་ལུགས་སོགས་ཀྱི་དབང་གནང་།