R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༧༠
[A:༡༧༠]ཡང་གྲོ་བཞིན་ཟླ་བའི་ཚེས་གཅིག་ནས་མཁན་ཆེནབཟང་པོ་རྒྱལ་མཚན་སོགས་ལ་བཀའ་གདམས་གླེགས་བམ་དང་། གཅོད་སྐོར་དཔེ་ཚན་ཁ་ཅིག སློབ་དཔོན་པད་མ་འབྱུང་གནས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་རྣམས་ཀྱི་ལུང་སྩལ། ཆོས་སྐྱོང་གི་ལུང་བཞིན་རྗེ་ཉིད་བན་ཚང་པ་དང་བཅས་པའི་མགོན་ཁང་སོ་སོར་བསྐང་གསོ་སྨིན་རྒྱས་གནང་། ཉེར་བདུན་ཉིན་ཆོས་སྐྱོང་ཐོག་ཕེབས་ཀྱི་དགེ་བཤེས་སུ་ཞབས་བརྟན་འབུལ་དགོས་ཡོད་གསུང་པ་ལྟར་ཁྲུམས་ཟླའི་བཅུ་བདུན་ལ་ཞབས་བརྟན་འབུལ་བའི་ཆོ་ག་དང། ལྷ་བསངས་སོགས་བན་གཙང་པ་རྣམས་ཀྱིས་མཛད་དེ། རྒྱན་མཆོག་རིན་པོ་ཆེ་ནས་ཚེ་དཔག་མེད་ཀྱི་གསེར་སྐུ། བཞུགས་གདན་སོགས་ཀྱིས་ཐོག་དྲངས་ཚན་པ་དང་། ཆོས་སྐྱོང་ནས་བཞུགས་འདིང་ཁར་བཀྲ་ཤིས་ཁ་བཏགས་ལ་རྡོ་རྗེ་རྒྱ་གྲམ་དང་རྟགས་བརྒྱད་བྲིས་པ། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྐུས་ཐོག་དྲངས་ཚན་པ་ཁ་ཤས་བཅས་ཕུལ། གཞན་སེར་སྐྱ་སོ་སོ་ནས་འབུལ་སྤོམ་ཆེ་བ་བཅས། དེ་ཉིན་ཉི་མ་ལྡབ་འགྱུར་ཙམ་གྱིས་རིང་བར་འཇའ་འོད་སོགས་བཀྲ་ཤིས་པའི་མཚན་མ་དཔག་མེད་བྱུང་། དེ་ནས་ཞག་བདུན་སྐུ་མཚམས་དང་། དབྱུག་ཟླའི་ཚེན་གསུམ་ལ་ཆོས་སྐྱོང་ཆེན་པོར་གཏང་རག་གཟབ་པར་སྩལ། ཚེས