R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༧༡
[A:༡༧༡]ལྔའི་ཉིན་རྒྱན་མཆོག་རིན་པོ་ཆེ་ཟབ་སོག་ལ་ཕེབས་པར་དྲུང་འཁོར་རྣམས་ཇ་རྒྱུགས་བཅས་རྫོང་བདའ་གནང། བཅུ་གསུམ་ཉིིན་གདུང་བརྒྱུད་རིན་པོ་ཆེ་མཆེད་དབུས་ཕྱོགས་སུ་ཕེབས་པར་ཕེབས་སྐྱེལ་དུ་དྲུང་འཁོར་ཚང་མ་རྫོང་བདའ་མཛད། ཉེར་གསུམ་ཉིན་འཇམ་དབྱངས་རྣམ་རྒྱལ་ལ་དཀར་བདུད་རྗེས་གནང་དང་ཕུར་ཆུང་སྦྱིན་སྲེག་ལུང་བཅས་ཀྱི་ལུང་སྩལ། སྨིན་དྲུག་གི་ཚེས་གཅིག་ལ་རྒྱན་མཆོག་རིན་པོ་ཆེ་ཚུར་ཕེབས་སྐབས་དྲུང་འཁོར་ཚང་མ་ཇ་རྒྱུགས་དང་བཅས་ཕེབས་བསུར་རྫོང་བདའ་མཛད། ངོར་གྲྭ་བཅོ་ལྔ་སྡེ་དགེ་གཉེར་པ་སོགས་ལ་འབྱུང་འདུལ་རྗེས་གནང་དང་བསྙེན་རྫོགས་སྩལ། དར་མདོ་ཡ་མ་ཚོ་ནང་མིར་དཀོན་མཆག་སྤྱི་འདུས་དང་དད་རྟེན་སོགས་སྩལ། རྒྱན་མཆོག་རིན་པོ་ཆེར་པདྨ་བཀའ་ཐང་ཤེལ་བྲག་མའི་ལུང་། རྫོང་རི་བླ་མར་འབྱུང་འདུལ་རྗེས་གནང་རྣམས་སྩལ། དྲུག་ཅུ་པ་དང་གཏོར་སྤོད་སོགས་གཅུང་རྒྱན་མཆོག་རིན་པོ་ཆེ་དང་བན་ཚང་པ་རྣམས་ཀྱིས་མཛད། གྲགས་པ་ཟླ་དབང་ལ་ཀུན་རིག་དབང་དང། ནཱ་ལེནྡྲའི་གྲྭ་རྒྱུན་རྣམས་ལ་རབ་བྱུང་བསྙེན་རྫོགས་གནང་། གེ་རེ་ཕུའི་ཚེས་བཅུ་བ་ལས་ཚོ་གཅིག་སོགས་བརྒྱ་ཕྲག་ལྷག་ཙམ་ལ་ཚེ་དབང་ལྕགས་སྡོང་མ། ཙ་གསུམ། ལེ་བདུན་སོགས་ཀྱི་ལུང་། ཡང་རྫོང་རི་བར་མི་འཁྲུགས་པའི་དབང་དང།