R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༧
[A:༡༧]དང། གཅུང་པོ་ངག་དབང་ནོར་བུ་རྒྱལ་མཚན་དང། ཕལ་མོ་ཞིག་ལས་སྲས་བཅས་གསུམ་བྱོན་ཞིང། ནོར་བུ་རྒྱལ་མཚན་བཙུན་མོ་བྱ་སྒོ་མ། ཚེ་རིང་བུ་ཁྲིད་བཞེས་མོད་བསྟན་གེགས་ཀྱིས། ཡབ་སྲས་ལྕམ་བཅས་ཐོག་ལ་གདན་ས་འཐོར། སྐུ་ཚ་ངེད་རང་ཀུན་དགའ་བློ་མིང་པ། བཅུ་དྲུག་ཤིང་བྱིར་གདན་ས་ལག་འབྱོར་སྐོར། ཕྱིས་བྱོན་རྩེ་གདོང་བླ་བྲང་གདུང་རབས་སོ། ། ཀུན་དགའ་བསམ་གྲུབ་གཅུང་པོ་བཀའ་དྲིན་ཅན། སྔགས་འཆང་ཆོས་ཀྱི་རྒྱལ་པོ་བདུད་ཀྱི་གཤེད། ངག་དབང་ཀུན་དགའ་རིན་ཆེན་བཀྲ་ཤིས་དང། གྲགས་པའི་རྒྱལ་མཚན་དཔལ་འབྱོར་བཟང་པོ་ཞེས། མཚན་དོན་མཐུན་དེ་ཡབ་རྗེ་ཉེར་དྲུག་པ། མེ་གླང་ལོར་འཁྲུངས་རེ་བརྒྱད་ཤིང་སྤྲེར་གཤེགས། ས་ལོ་ཆེན་པོ་ངོར་ཆེན་ལྷུན་གྲུབ་མཚན། འཕགས་ཆེན་དཔལ་ལྡན་བཀྲ་ཤིས་སྤྱན་སྔ་བ། ངག་དབང་ཆོས་གྲགས་ངོར་ཆེན་སངས་རྒྱས་སེང། ཐུབ་བསྟན་ལྷ་ཆེན་མཁན་དང་ལེགས་བློ་སོགས། བསྟེན་ཅིང་ཞལ་སློབ་རིས་མེད་ནོར་འཛིན་རྡུལ། བཙུན་མོ་གསུམ་བཞེས་དང་པོ་ཤར་གླིང་མར། སྲས་མོ་གཉིས་དང་གཉིས་པ་གདོང་དགའ་མ། བགྲེས་པ་བསོད་ནམས་ལེགས་འཛོམས་དཀར་མོ་ལས། འཇམ་དབྱངས་བསོད་ནམས་དབང་པོ་ལྕམ་གསུམ་བཅས། གསུམ་པ་གཞོན་པ་བཀྲ་ཤིས་དཔལ་བུ་ཁྲིད། དེ་