[A:༡༧༩]སྒྲོག་ཉིན་གསུམ་གནང་།
རྟ་ཟླའི་་ཚེས་གསུམ་ནས་རྣམ་རྩེར་གཏེར་གསར་ཐུགས་ཐིག་གི་སྐུ་མཚམས་ཚུགས། ཡི་དམ་ལྷའི་བྱིན་རླབས་མཚན་ལྟས་ཁྱད་པར་ཅན་མང་དུ་མངའ།
རྟ་ཟླའི་ཚེས་བཅུ་ལ་མར་མེ་མཚན་ཐུབ་གཅིག་གི་ཞག་ལྔ་ཐུབ་པས་ཕྱག་ཕྱི་ཀུན་ངོ་མཚར་དུ་གྱུར། ཁྲ་ཟླའི་ཚེས་བརྒྱད་ལ་སྐུ་མཚམས་གྲོལ། ཚེས་བཅུ་ལ་གནམ་རྩེའི་གྲྭ་རིགས་ལ་མང་ཇ་འགྱེད་དང་བཅས་རྩ་གསུམ་ལེ་བདུན་གྱི་ལུང་། མགོན་པོ་ཁྲོ་བཅུའི་རྗེས་གནང་། བསྟོད་པ་འགའ་རེ་དང་། ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་གི་ལུང་རྣམས་གནང་། གཞན་ཡང་ལྷུན་རྩེའི་དྲུང་འཁོར་རྣམས་དང་། སྲིད་གསུམ་སློབ་དཔོན་སོགས་ལ་ཚེ་དབང་སྕགས་སྡོང་མ་དང་སྒྲོལ་དཀར་སྒྲུབ་ཐབས་གཏོར་ཆོག་བུམ་ཆོག་རྗེས་གནང་བཅས་དང་། བུམ་གཏེར་འཇུག་ཚུལ་སོགས་ཀྱི་ལུང་། སྙེ་མོ་བ་གཅིག་ལ་དཀོན་མཆོག་སྤྱི་འདུས་ཀྱི་ལུང་།
ནག་ཟླའི་ཚེས་ལྔ་ལ་གཏེར་གསར་ཐུགས་ཐིག་ལས་བྱང་བཙུགས། མཆོད་པ་ཚོགས་འཁོར་གཟབ་རྒྱས་མཛད། ནམ་མཁར་འཇའ་གུར་ཕུབ་པ་སོགས་ཀྱི་མཚན་སྟས་བྱུང་། དེ་ནས་ཕུར་བཟློག་ཉིན་གསུམ་གནང་།
ས་གའི་ཚེས་བཅུ་གཉིས་ལ་ཆོས་གླིང་དབོན་པོ་སོགས་གྲྭ་བཅུ་