[A:༡༨༠]བདུན་ལ་རབ་བྱུང་བསྙེན་རྫོགས་དང་། ལྷ་བརྒྱད། སྨེ་བཙེགས། རི་ཁྲོད་མ། སེང་གེ་སྒྲ། ཐུབ་པ་གཙོ་འཁོར་གསུམ། སྤྱན་རས་གཟིགས་གཙོ་འཁོར་གསུམ། རྣམ་རྒྱལ། གཤེད་དམར། སེང་གདོང་མ། ཤེར་ཕྱིན་དཀར་མོ་རྣམས་ཀྱི་རྗེས་གནང་དང་། ཐུགས་སྒྲུབ་གནད་ཀྱི་གཟེར་ལྔ་དྲག་པོའི་ལས་བྱང་། དབང་ཆོག འཇམ་ནག་སྒྲུབ་ཐབས་ལས་ཚོགས་གྲུབ་གཉིས་བསམ་འཕེལ། རྣལ་འབྱོར་མའི་འཕོ་བ། དཀོན་མཆོག་སྤྱི་འདུས་ཀྱི་འཕོ་བ། པ་རུ་བྱ་བྲལ་ལུགས་ཀྱི་འཕོ་བ་རྣམས་ཀྱི་ལུང་སྩལ། ཚེས་ཉི་ཤུ་ལ་སྲམ་ས་དཔོན་སོགས་སེར་སྐྱ་ཉིས་བརྒྱ་ཙམ་ལ་ཚེ་རྟ་ཟུང་འབྲལ་གྱི་དབང་། བན་ཚང་པ་རྣམས་ལ་ཕུར་དབང་དང་། ཁྲོ་བོ་བཅུའི་རྗེས་གནང་སྩལ། ཡང་སེ་པའི་གྲྭ་པ་རྣམས་ལ་ཀུན་རིག འབྱུང་འདུལ། རྣམ་འཇོམས། ཚེ་དབང་ལྕགས་སྡོང་མ་རྣམས་གནང་། ཤིང་བྱི་ནས་བཟུང་ལྷུན་རྩེ་ནས་ཕུར་སྒྲུབ་ཉིན་བདུན་ཆག་མེད་བཙུགས་པ་བཞིིན་ཚོགས་དབུར་ཕེབས། དེ་སྐབས་སིལ་སྙན་འཛམ་གླིང་འབྲུག་སྒྲ་ཕྱག་ཏུ་འབྱོར།
ཆུ་སྟོད་ཟླའི་ཚེས་གཅིག་ལ་ཆོས་སྐྱོང་ཆེན་པོས་རྗེ་ཉིད་ལ་ཞབས་པད་བསྐལ་བརྒྱར་བརྟན་ཕྱིར། ཁ་བཏགས་ཉིན་བདེ་མ་གསུམ། ཚེ་ཐང་། གོས་གཡོག་གསུམ། དར་ཡུག་གསུམ་རྣམས་ཀྱིས་མགོ་བྱས་དགུ་ཚན་གསུམ། གསོལ་ཇ། ཚོགས་འཁོར་