[A:༡༧༨]འདུན་མ་དང་གླིང་དཀར་རྫོང་དཔོན་སོགས་སྐྱེ་བོའི་ཚོགས་ལ་ཆོས་ཆར་ཕབ། མདོར་ན་བྱང་ཕྱིར་འབྲོག་ཆོས་ཀྱི་སྒྲ་མི་ཐོས་པ་རྣམས་ལ་ཆོས་ཀྱི་སྒྲོན་མེ་སྦར་ཏེ་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་མཛད་དོ། །
དེ་ནས་རིམ་བཞིན་དབྱུག་ཟླའི་ཉེར་ལྔའི་ཉིན་གཅུང་རྒྱན་མཆོག་རིན་པོ་ཆེས་གཙོ་མཛད་ལྷ་སྡེ་མི་སྡེས་ཕེབས་བསུ། འདུས་ཙོགས་ཀྱི་སེར་ཕྲེང་བཅས་གདན་ས་ཆེན་པོར་ཕེབས་སོ། དེ་ནས་རྒྱན་མཆོག་རིན་པོ་ཆེ། གདུང་བརྒྱུད་སྐུ་མཆེད་སོགས་གཞིས་བཞུགས་རྣམས་ལ་སྐུ་འཁྱོས་དང་འདུས་ཚོགས་སུ་མང་ཇ་འགྱེད་བཅས། ཕྱོགས་དགོན་ངོར་ཐུབ་བསྟན་སོགས་ས་དགེ་རྙིང་འབྲུག་ཀརྨ་པ་སོགས་རིས་མེད་ཀྱི་དགོན་གནས་ཉེ་སྐོར་ཚང་མར་མང་ཇ་འགྱེད་བཅས་གཟབ་རྒྱས་སྩལ། ནཱ་ལེནྡྲའི་གྲྭ་རྒྱུན་རྣམས་ལ་སོ་ཐར་སྡོམ་པ་འབོགས་པ། ཚེ་དབང་ཀུན་རིག་དབང་སོགས་དང་། ངོར་དང་ཐུབ་བསྟན་གྱི་ཁམས་འགྲོས་པ་འགའ་ལའང་དབང་དང་རྗེས་གནང་ལུང་སོགས་གནང་། དྲུག་ཅུ་པའི་ཚོགས་དཔོན་མཛད་ཅིང་། ཕྱག་མཛོད་མཚུངས་མེད་ནས་ཉིད་ཀྱི་ཞབས་བརྟན་དུ་ཕུར་སྒྲུབ་ཞག་བདུན་སྒྲུབ་པའི་ཚོགས་དབུར་ཕེབས།
རྒྱལ་ཟླའི་ཚེས་བརྒྱད་ནས་ཉེར་གསུམ་བར་ལྷུན་རྩེའི་མགོན་ཁང་གཏོར་སྤོད་དུ་ཕེབས། འདུས་ཚོགས་སུ་བཀའ་འགྱུར་གསུང་