[A:༡༨༡]སོགས་རྒྱ་དཔངས་ཤིན་ཏུ་ཆེ་བ་དང་བཅས་ཞབས་བརྟན་ཕུལ་བར། དེ་ནུབ་ནས་བརྩམས་ཞག་བཅུ་གཅིག་བར་སྐུ་མཚམས་དམ་པར་མཛད། གྲོལ་བསྟུན་བསྐང་གསོ་སྨིན་རྒྱས། ཚེས་བཅུ་བདུན་ཉིིན་ལྷུན་རྩེར་ཕེབས། ཚུལ་ཁང་བླ་མས་ཡ་ཇུ་འཁོར་དྲུག་གསུམ། དྲེའུ། གཞན་ཡང་ཇ་གོས་དར་སོགས་འབུལ་བ་ཟབ་པར་ཕུལ། ཚུལ་ཁང་བླ་མ་དཔོན་སློབ་སོགས་གྲྭ་བཞི་བཅུ་ཙམ་ལ་རབ་བྱུང་བསྙེན་རྫོགས་དང་། ཚེ་དབང་ལྕགས་སྡོང་མ། ཀྱཻ་རྡོར་རྒྱུ་དབང་། བྱིན་རླབས་ཕྱག་མདུད། གྱོན་པ་སོགས་ཀྱིས་མགུ་བར་མཛད།
ཟླ་བ་བདུན་པའི་ནང་རྡོ་བརྐོས་བྱེད་ཟེར་བའི་སྒྲུབ་པ་གཉིས་བྱུང་ནས། གཟུངས་སྔགས་འདྲ་བརྐོས་གསུངས། དེ་སྔ་རྡོ་བརྐོས་ལེན་དཀོན་པ་ལས་མེད་ཀྱང་ཁོང་རང་གཉིིས་ཀྱིས་སྔོན་བདག་ཆེན་ཀུན་དགའ་བསམ་གྲུབ་ཀྱི་སྤྱན་རས་གཟིགས་ཀྱི་སྐུ་འདྲ་བརྐོས་པའི་རྡོ་འདི་ནས་ཐོན་ཟེར་ནས་བཙལ་བས་ལྷ་ལུང་ཕུར་རྡོ་བརྐོས་ལེན་སྤུས་གཙང་གཏེར་བཏོན་པ་བཞིན་བྱུང་བར། རིགས་གསུམ་མགོན་པོ་ཨོ་རྒྱན་གཙོ་འཁོར་གསུམ། གུ་རུ་མཚན་བརྒྱད། ས་བིར། ཐུབ་པ་དྲུག ཚེ་འཇམ། ཡང་ཨོ་རྒྱན་གཉིས། གཏེར་བཏོན་འགྱུར་མེད་རྡོ་རྗེ༏ རྗེ་འདི་ཉིད་བཅས་ཀྱི་སྐུ་རྣམསདང་། ཐུགས་རྟེན་མཆོད་རྟེན་གསུམ། གཞན་གཟུངས་སྔགས་བཛྲ་གུ་