[A:༡༨]ལས་ཡབ་རྗེ་ཞེ་བདུན་ཆུ་ཕག་ལོར།
སྔགས་འཆང་གྲགས་པ་བློ་གྲོས་ཞེས་བྱའམ།
མཚན་གཞན་བསོད་ནམས་རྒྱལ་མཚན་འཁྲུངས་ནས་ལོ།
ང་ལྔ་བར་བཞུགས་མེ་སྦྲུལ་གཤེགས་དེ་ཡིས།
ཡབ་དང་གཅེན་པོ་སྤྱན་སྔ་དཀོན་རྒྱམ་དང།
ཐར་རྩེ་པཎ་ཆེན་སོགས་བསྟེན་ཞལ་སློབ་ནི།
ནོར་འཛིན་མ་འདི་ངལ་བར་མ་གྱུར་རམ།
བཙུན་མོ་བྱང་བདག་ལྷ་སྲས་བསོད་ནམས་ནི།
རྒྱལ་མོའི་མཚན་ལས་སྲས་གཉིས་ཆུང་ངུར་གཤེགས།
གསུམ་པ་སྒར་ཆེན་མཐུ་སྟོབས་དབང་ཕྱུག་དང།
བཞི་པ་ཆུང་ངུར་གཤེགས་ཤིང་ལྔ་པ་ནི།
སྔགས་འཆང་ཀུན་དགའ་དབང་རྒྱལ་དྲུག་པ་ནི།
སྔགས་འཆང་ཆོས་ཀྱི་རྒྱལ་པོའི་ཆོས་སྲིད་བསྟན།
སྤེལ་ལ་བསམ་བཞིན་བྱོན་པའི་ཨ་མེས་ཞབས།
མཚན་དངོས་ངག་དབང་ཀུན་དགའ་བསོད་ནམས་དང།
གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་པའི།
སྙན་པས་ཀུན་ཡིད་འཕྲོག་དེས་ཡབ་རྗེ་མཆོག།
སོ་ལྔ་མེ་བྱ་ལོར་བལྟམས་རེ་གསུམ་པ།
ས་ཕག་བར་བཞུགས་ཁུ་བོ་སྐུ་མཆེད་དང།
རྩེ་གདོང་བསོད་ནམས་ལྷུན་གྲུབ་གཅེན་པོ་གཉིས།
གཅིག་ཆོག་མུས་ཆེན་སངས་རྒྱས་རྒྱལ་མཚན་དང།
ཐར་རྩེ་པཎ་ཆེན་སྤྱན་སྔ་ཀུན་དགའ་དོན།
ནགས་དགོན་སྦྱིན་གྲགས་འབུམ་ཆེན་ཀུན་དགའ་དཔལ།
དབང་ཕྱུག་རབ་བརྟན་ངག་