[A:༡༨༤]པ་ཐུན་མོང་མ་ཡིན་པ་ཐོབ་ཅིང་། རིན་སྒང་གྲྭ་པ་རྣམས་སོག་པོ་མཇལ་བར་བྱོན། དཔོན་གཡོག་གཉིས་སླར་ཡང་གཏེར་ལུང་དུ་ཕྱག་ཕེབས། དེ་སྐབས་བྱ་བྲལ་བ་འགའ་ཞིག་ལ་འབྲུ་སོགས་ཀྱི་གསོལ་རས་ཡོང་བས་ལེན་པར་ཤོག་གསུངས་པས། ཁོང་བྱ་བྲལ་རྣམས་རྩེ་གདོང་དུ་འབྱོར། ཞག་ཤས་ནས་དཔོན་གཡོག་གཉིས་ཀྱང་ལྷུན་རྩེར་ཕེབས་ཤིང་ཕྱག་མཛོད་རྣམས་ལ་ཟབ་བུའི་བྱ་བྲལ་བ་རྣམས་ལ་གསོལ་རས་འདྲ་སྤྲོད་བཀའ་ཕེབས་པར་ཕྱག་མཛོད་རྣམས་ཀྱིས་གཏན་ནས་མ་སྦྱིན་པས་བླ་མ་ཞལ་ཤིན་ཏུ་སྐྱེངས་པ་ཞིག་བྱུང་།
གཞན་ཡང་བཀའ་ཆོས་འཆད་ཉན་མང་པོ་དང་། ལྷག་པར་སྐབས་དེར་བདུད་རྩེ་རིལ་བུ་སྒྲུབ་པར་མཛད་པས་སྔོན་དུས་ལས་འཕེལ་ཤིན་ཏུ་ཆེ་ཞིང་། འཕུར་བ་ལྟ་བུའི་ཕུ་ཤར་གྱི་ཆུ་འགོ་དང་། ལྷུན་རྩེ་སྡེ་ཡངས་སོགས་ཉེ་བསྐོར་རྣམས་ནས་མང་པོ་རྙེད་པ་བཅས་ཡ་མཚན་ཆེ་བར་བྱུང་གདུག་ཅིང་། སྤྲེ་ལོར་སྐྱེ་ཚོགས་རྣམས་ལ་མུ་གེ་ལྟ་བུས་ཤིན་ཏུ་བཀྲེན་པ་ཞིག་བྱུང་བས། ཁྲི་ཆེན་ཉིད་ནས་ཕྱག་མཛོད་རྣམསལ་སྲིད་གསུམ་བཀའ་རྒྱའི་ཐོག་ནས་མི་སེར་ལ་འབྲུ་ཁལ་རེ་ཙམ་སྤྲོད་བཀའ་ཕེབས་པར། ཕྱག་མ་ཛོད་རྣམས་ཀྱིས་མ་སྦྱིན་པ་སོགས་ཕྱི་ནང་གི་གནས་ཚུལ་ངན་པ་འགའ་ཞིག་གི་རྐྱེན་བྱས་ཀྱང་སྣང་ངོར་ལྷོ་བོད་འཁྲུགས་སྐབས་ངོས་ནས་