[A:༡༨༥]ཆིངས་ལ་ཕྱིན་དུས་སེམས་ཅན་མང་པོའི་བློ་གཏད་ཡོད་པས་ལུས་ཀྱི་དཀའ་ཐུབ་མ་བཅད་ན་ཉེས་པ་མི་བྱང་བས་འབྲས་ལྗོངས་གནས་སྐོར་ཞིག་ལ་འགྲོ་གསུངས་ཤིང་། ལྷུན་རྩེར་བཅད་རྒྱ་གནང་ཡོད་ཚུལ་གྱི་ཀུན་ལ་གསང་སྟབས་ཀྱི་ཞབས་ཕྱིར་མགྲོན་གཉེར་ཚངས་པ། དཔོན་ཚང་སྨན་ཕྲུག་པ། གཟིམ་དཔོན་རྡོར་དོན། ཆོས་སྐྱོང་སྐུ་བསྟེན་རྒྱལ་ཁང་པ་བསོད་ནམས་ཆོས་མཆོག་ བན་ཚང་པ་ལྔ་དྲུག་ཙམ་དང་། གཞན་ཐོར་བུ་བཅས་ཐོག་མར་སྐུ་ཆས་རྣམས་ལྷུན་རྩེ་སྡེ་ཡངས་བྱང་དུ་ས་སྲིབ་ལ་ཕེབས་ཏེ་དཔོན་གཡོག་རྣམས་ནམ་གུང་ལ་ཕེབས་པར་ལྷུན་ཙེའི་ནུབ་ཀྱི་ཕེབས་ལམ་སོགས་ལ་ཆོས་སྲུང་འཕྲེང་བས་ཁལ་གཡག་རྣམས་ཧར་འགྲོགས་ཀྱིས་ཁལ་རྣམས་ལོག་པ་སོགས་བྱུང་ཞིང་། ཕྱག་མཛོད་ཆོས་དཀར་གྱིས་ལྷུན་ཙེའི་སྡེ་ཡངས་དང་། མཚུངས་མེད་ཀྱིས་བྲག་ཆེན་རྒྱབ་ཙམ་གྱི་བར་ཕེབས་སྐྱེལ་ཞུས། དཔོན་གཡོག་རྣམས་བྲག་ཆེན་བུད་ཙམ་འཐོན་པས་བློ་བདེའོ། །ཞེས་གསུངས་ཤིང་། རུ་བཞི་མའི་གྲུ་བརྒྱུད་དེ་དཔལ་རྣམ་དགའ་བ་གདོང་། གཞིས་རྩེ་རིན་རྩེ་སོགས་བརྒྱུད་དེ་འབྲས་ལྗོངས་སུ་ཕེབས་ནས་འབྲས་ལྗོངས་ཁ་སྟོད་ཀྱི་གནས་བརྟེན་རྣམས་མཇལ་གནང་ཐོག ཚུར་ཕེབས་ལམ་བར་གྱི་ལ་ཆེན་གངས་ལ་དང་ཟེར་བའི་མདུན་དུ་ཕེབས་ཚེ་དོ་ནུབ་ལ་འདི་