[A:༡༨༧]མཚར་བའི་་ལྟས་དུ་མ་དང་བཅས་ཏེ་གཞན་དོན་ལ་དགོངས་ནས་ཞག་བདུན་སོང་རྗེས་སྤུར་ཞུ་བས་ཐུགས་མ་ཚིག་པར་ཁ་དོག་ཅུང་ཟད་ནག་པ་པད་མ་འོད་འབར་གྱི་སྐུའི་དབྱིབས་ཅན་ཕྱི་ཤུན་པད་མ་འདབ་བརྒྱད་ཁ་ཟུམ་པ་ལྟ་བུའི་རྩེར་ལྡེམ་ཕྲུ་གསལ་བ་ཉུག་གེ་འཐོན་པའི་ངོ་མཚར་ཤིན་ཏུ་ཆེ་བ་དང་། སྤུར་རུས་སྤུར་ཐལ་ཚང་མ་ཁོང་རྣམས་ཀྱིས་ལུས་མེད་དུ་ཁྱེར་ཏེ་གདན་སར་འབྱོར་བསྟུན་དགོངས་རྫོགས་རྣམས་གཅུང་བསོད་ནམས་དབང་གི་རྒྱལ་པོ་ཉིད་ནས་ཐུགསངས་རྒྱས་ཕུན་ཚོགས་གདན་འདྲེན་ཐོག་དགེ་འདུན་ཚང་མར་མང་འགྱེད་སོགས་རྒྱ་ཆེ་མུ་མེད་མཛད་པ་དང་ཆབས་ཅིག་ཉིད་ཀྱི་སྐུས་འགན་ཆེ་བཞེས་ཀྱིས་ངོར་སོགས་དབུས་གཙང་དགོན་ཁག་ཚང་མར་མང་འགྱེད་རྒྱ་ཆེ་དང་། རྩེ་གདོང་ཚོགས་དབུར་ངོར་ཆེན་་བརྙན་གཙོར་བཞུགས་ཀྱི་ནང་རྟེན་དུས་ཐང་ཆེན་མོར་གྲགས་པ་དང་། དངུལ་གདུང་རིན་པོ་ཆེ་ཤིན་ཏུ་ཆེ་ཞིང་བཟོ་དབྱིབས་ཕྲ་རྒྱན་སོགས་སོ་སྐྱེའི་བློ་ཡུལ་ལས་འདས་པ་གསར་བསྐྲུན་གྱི་གཟུངས་བཞུགས་སུ་གོང་གི་ཐུགས་ངོ་མཚར་ཅན་དེ་ཡང་བཞུགས་ཤིང་། དེ་སྐབས་བལ་པོ་བཟོ་པ་རྣམས་ཀྱིས་གསེར་དངུལ་སོགས་དངོས་པོ་སྦས་སྐུམས་བྱས་པ་ནུབ་གཅིག་ཁོང་རང་ཚང་མའི་རྨི་ལྟས་སུ་བན་བཙུན་གཟུགས་འབོང་ཤིན་ཏུ་ཆེ་ཞིང་སྨ་ར་སོགས་མེ་རིས་སུ་ཡོད་པ་ཞིག་བྱུང་ནས་དངོས་པོ་རྣམས་