R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༨༨
[A:༡༨༨]འདི་ན་འདི་འདུག་ལྟ་བུའི་རང་རང་གི་སྣོད་ནས་བཏོན་ཏེ་ཁྱེར། མི་རྣམས་ལ་མིག་གཅེར་གཅེར་ལྟ་བ་སོགས་ཚུབས་འགྱུར་ཆེ་བ་བྱུང་བས་བཟོ་པ་ཐམས་ཅད་འཇིགས་པར་གྱུར་ཏེ། འགྱོད་བཤགས་དང་བཅས་དངོས་པོ་གང་ཁྱེར་ཕུལ་ཞིང་། རབ་ཏུ་གནས་པ་སོགས་རྗེས་ཀྱི་བྱ་བ་ཚང་མ་མཁན་ཆེན་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་དོ། ། ༄༅།། བསོད་ནམས་འཕགས་པ། དེའི་གཅུང་བགྲེས་པ་བསོད་ནམས་འཕགས་པ་གྲགས་པ་ལྷ་དབང་རྡོ་རྗེ་ནེ་ཆུ་ལུག་གྲོ་བཞིན་ཉེར་བདུན་ལ་འཁྲུགངས་ནས་ཆུང་ངུར་གཤེགས། ༄༅།། བསོད་ནམས་དབང་རྒྱལ། གཅུང་གཞོན་པ་ངག་དབང་ནོར་བུ་བསོད་ནམས་དབང་གི་རྒྱལ་པོ་ནི་ཤིང་བྱར་འཁྲུངས། ཆུང་ངུའི་དུས་ནས་གཅེན་གོང་མ་ཁྲི་ཆེན་ཉིད་ཀྱི་དྲུང་དུ་སྲིད་གསུམ་གྲྭ་རིགས་དང་བཅས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་ཡོངས་