[A:༡༩༠]
༄༅།། ཀུན་དགའ་ཚེ་དབང་རིན་འཛིན།
དེའི་སྲས་བགྲེས་པ་འཇམ་མགོན་ཨ་མེས་ཞབས་ཀྱིི་རྣམ་སྤྲུལ་དུ་གྲགས་པ་ཀུན་དགའ་ཚེ་དབང་རིག་འཛིན་ནེ་མེ་ལུགས་ས་ག་ཟླ་བའི་ཚེས་བཅོ་ལྔར་ངོ་མཚར་བའི་ལྟས་དུ་མ་དང་བཅས་བླ་བྲང་གཟིམས་ཤོད་དུ་སྐུ་བལྟམས་ནས་ནར་སོན་པ་དང་གོང་ས་རྡོ་རྗེ་འཆང་ལྔ་པ་ཆེན་པོར་དབུ་ཕུད་ཕུལ། ཁྲི་ཆེན་བྱམས་པ་བསོད་ནམས་ལྷུན་གྲུབ་ཀྱི་དྲུང་དུ་ཚེ་དབང་ལྕགས་སྡོང་མ། གྲུབ་རྒྱལ་མ། འབྱུང་འདུལ་རྣམས་ཀྱི་རྗེས་གནང་དང་། བཀའ་བསྒོ་བྱིན་རླབས། ངག་དབང་བསོད་ནམས་ལྷུན་གྲུབ་ཀྱི་དྲུང་དུ་ཚེ་དཀར། གྲུབ་རྒྱལ་མ། འབྱུང་འདུལ་རྣམས་ཀྱི་རྗེས་གནང་དང། ཁྲི་ཆེན་བསོད་ནམས་བསྟན་འཛིན་དབང་པོའི་དྲུང་དུ་གུ་རུ་དྲག་དམར། བདེ་མཆོག་ནག་པོ་པ། གསང་འདུས་འཇམ་རྡོར། རྡོ་རྗེ་གཞོན་ནུའི་སྟོད་ལས་སྨད་ལས། ཀྱཻ་རྡོར། ཇེ་ཏཱ་རི་ལུགས་ཀྱི་ཚེ་དཔག་ལྷ་དགུ ལྩགསསྡོང་མ། དཀོན་མཆོག་སྤྱི་འདུས་རྣམས་ཀྱི་དབང་། འཇམ་དབྱངས་དམར་སེར་སྨྲ་སེང་གཉིས་ཀྱི་སྒྲུབ་ཐབས་རྗེས་གནང་ལུང་བཅས། སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་། རྒྱ་གཞུང་དེའི་འགྲེལ་པ་ངག་དབང་བསྟན་རྡོར་གྱི་མཛད་པ། གསང་