[A:༡༩༡]འདུས་འཇམ་རྡོར་གྱི་དཀྱིལ་ཆོག གཏོར་ཆོག མཆོད་འཕྲེང་། བཀྲ་ཤིས། སྤྱན་རས་གཟིགས་ལ་བརྟེན་པའི་འཕོ་བ་སྤྲོས་བཅས་སྤྲོས་མེད། བར་དོ་ངོ་སྤྲོད། ཀུན་རིག་བསྙེན་ཐབས། ཀྱཻ་རྡོར་མན་ངག་ལུགས་ཀྱི་བསྙེན་ཐབས་རྣམས་ངག་དབང་བརྟན་པས་མཛད་པ། ལྕགས་སྡོང་མའི་མཚམས་སྦྱོར། འཇམ་དབྱངས་དམར་སེར་གྱི་སྒྲུབ་ཐབས། ས་ལོས་མཛད་པའི་ཀུན་རིགས་བརྒྱུད་འདེབས། མཛད་བཅུའི་བཀྲ་ཤིས། མྱང་རལ་ནསབརྒྱུད་པའི་དྲག་དམར་རྗེས་གནང་། དཀར་བདུད་རྗེས་གནང་ལུང་བཅས། བདག་ཆེན་རྒྱ་གར་བས་མཛད་པའི་དཀར་བདུད་བསྐང་གསོ། སློབ་དཔོན་པདྨས་མཛད་པའི་རྡོ་རྗེ་ལས་རིམ། ཀུན་དགའ་བསམ་གྲུབ་ཀྱིས་མཛད་པའི་ཕུར་པའི་དཀྱིལ་ཆོག་དང་བདག་འཇུག ས་ལོས་མཛད་པའི་བསྙེན་སྒྲུབ་གསལ་བྱེད། བརྒྱུད་འདེབས་རྒྱས་བསྡུས། དཀོནམཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཀྱཻ་རྡོར་དཀྱིལ་ཆོག རྗེ་བཙུན་གྲགས་པས་མཛད་པའི་བསྟོད་པ་དནྜ་ཀ་དང་བཀྲ་ཤིས། སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པའི་བསྟོད་པ་ཉི་ཤུ་པ། ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ལྷ་བརྒྱད་རྗེས་གནང། དཀོན་མཆོག་ལྷུན་གྲུབ་ཀྱི་བཀའ་འབུམ་ནས་གུར་རིགས་བསྡུས་ཟུར་འདེབས། འཇིགས་བྱེད་