[A:༡༩༢]བཅུ་གསུམ་མའི་སྒྲུབ་དཀྱིལ་ཐོ། ལས་གཤིན་གཏོར་ཆོག་རྗེས་གནང་། ཀྱཻ་རྡོར་གཏོར་ཆོག་མཛེས་རྒྱན་མ་གཏོགས་བཀའ་འབུམ་ཡོངས་རྫོགས། དམར་པོ་བསྐོར་གསུམ་གྱི་བེའུ་བུམ་ནས་དཔེ་སྣ་ཁ་ཡར་མ་གཏོགས་ཚང་མ། མཁྱེན་རབས་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་དྲུང་དུ་རྡོ་རྗེ་ཕྲེང་བ་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་བཅས་ཀྱི་དབང་། བདེ་མཆོག་བོང་ཞལ་གཤེད་དམར་ལྷ་ལྔ་རྣམས་ཀྱི་དབང། སེང་གདང་མ། འཇམ་ནག ཁྱུང་ཁྲ། རྟ་མགྲིན་དབྱུག་ཐོ་ཅན། ཕྱག་རྡོར་གོས་སྔོན། སྒྲུབ་ཐབས་བརྒྱ་རྩ། གྲུབ་ཆེན་བརྒྱད་བཅུ། ཛམ་དམར་སྲོག་སྒྲུབ། སྒྲོལ་མ་དམར་མོ་རྣམས་ཀྱིས་རྗེས་གནང། བླ་མ་ཞི་ཁྲོ་དང་གྲུབ་རྒྱལ་ཚེ་དབང། དེ་རྣམས་ཀྱི་ཡིག་ལུང་ཁ་ཡར་དང་བཅས་པ། རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས། གསུང་ངག་སློབ་བཤད་ལུགས་རྟར་གསན་སྐབས་ལམ་ཟབ་བླ་མའི་རྣལ་འབྱོར་དང་བིར་སྲུང་ཐུན་མོང་བ། སྒྲུབ་པ་ལུང་སྦྱིན། བརྡའ་ཆིག་བརྒྱུད། བརྡའ་དོན་གསལ་བ། བླ་མ་རིིན་འབྱུང་རྣམས་ཀྱི་བྱིན་རླབས། ལུང་ལ་བརྒྱུད་འདེབས་བླ་མ་རྡོར་འཛིན་མ། ཀུན་བཟང་མ། རྗེ་བཙུན་གོང་མ་ལྔ། ཞང་དཀོན་མཆོག་དཔལ། ཚོགས་ཉན་གཉིས། དཀར་བྲག་པ། བྲག་ཕུག་པ། བླ་མ་དལ་པ། དཔལ་ལྡན་ཚུལ་ཁྲིམས། བུདྡྷ་ཤྲཱི། ངོར་ཆེན། སེམས་དཔའ་ཆེན་པོ་རྣམས་ཀྱིས་རྣམ་ཐར།