[A:༡༩༣] ཨུཥྞི་ཥའི་བསྲུང་འཁོར་ས་ཆེན་གྱིས་མཛད་པ། རྩ་ལྷུང་རྣམ་བཤད་རྗེ་བཙུན་གྲགས་པས་མཛད་པ་པོད་དམར་སེར་གྱི་ལུང་། མཆོག་ལེགས་རྡོ་རྗེས་མཛད་པའི་ཇོ་ལུགས་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་། རྟ་མགྲིན་ལྕགས་རལ། སྨེ་ཙེགས་དུད་ཁ། ཕྱག་རྡོར་འགྲོ་བཟང་། རྣམ་སྲས་སེར་ཆེན་འཁོར་མང་། སྒྲོལ་དཀར། སངས་རྒྱས་ཀླུ་དབང་། འབྱུང་འདུལ་འཇམ་དབྱངས། སེང་གེ་སྒྲ། གུར་ལྕམ་དྲལ་ལྷ་གསུམ། དཀར་པོ་ཚེ་འཕེལ་རྣམས་ཀྱིས་རྗེས་གནང་བཅས་གསན། རྡོ་རྗེ་བྲག་རིག་འཛིན་པདྨ་འཕྲིན་ལས་ཀྱི་དྲུང་དུ་གསོལ་འདེབས་ལེའུ་བདུན་མ་རྒྱལ་འཕྲིན་དོན་བཅུ་པ། རྙིང་ལུགས་གཏོར་མ་བརྒྱ་རྩ། གྲུབ་ཐོབ་ཚེ་དབང་། འཆི་མེད་དཔལ་སྟེར་གྱི་ཉམས་ལེན་རྒྱུན་ཁྱེར། ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་དང་། དྲག་མཐིང་ཐུགས་རྗེའི་རྩལ་དབང་། སྒྲུབ་ཆེན་བཀའ་བརྒྱད་མགྱོགས་དབང་བུམ་རྒྱ་ཅན། རྟ་མགྲིན་གསང་སྒྲུབ། དུར་ཁྲོད་བདག་པོ་རྣམས་ཀྱི་རྗེས་གནང་གསན་པ་སོགས་ཡོངས་འཛིན་དུ་མ་ལས་གསན་པ་རྒྱ་མཚོའི་མཐར་སོན་གཞོན་ནུ་ནས་སྐུ་མཆེད་གཉིས་ཀའི་གདན་སའི་འཁུར་བཞེས་ལུགས་གཉིས་ཀྱི་མཛད་པ་རྣམས་གོང་མ་སོ་སོའི་ཕྱག་བཞེས་སྟར་ཏེ་སྐབས་ཤིག་དཔལ་ས་སྐྱར་བྱོན་དུས་མངྒའི་མཚན་ཅན་ལས་ཟབ་ཆོས་འགའ་ཞིག་གསན་པའི་ཚེ། དྲག་པོ་སྒྲོལ་དབང་གི་དུས་ཐུབ་བསྟན་ལྷ་